ཨོ་ལིམ་པིཀསི་རྩེད་འགྲན་གྱི་སྤྱི་ལེ་ཉི་ཤུའི་འདུར་རྒྱུག་ཁྲོད་ཆོས་དབྱིངས་སྐྱིད་ཨང་བདུན་པ་རེད་འདུག
ཉི་ཧོང་དུ་ཚོགས་བཞིན་པའི་རྒྱལ་སྤྱིའི་ཨོ་ལིམ་པིཀསི་རྩེད་འགྲན་གྱི་སྤྱི་ལེ་ཉི་ཤུའི་བུད་མེད་འདུར་རྒྱུག་ཁྲོད་ཆོས་དབྱིངས་སྐྱིད་ཨང་བདུན་པ་རེད་འདུག
- 2021-08-06
-
-
-
Your browser doesn’t support HTML5 audio
ཉི་ཧོང་དུ་ཚོགས་བཞིན་པའི་རྒྱལ་སྤྱིའི་ཨོ་ལིམ་པིཀསི་རྩེད་འགྲན་གྱི་སྤྱི་ལེ་ཉི་ཤུའི་བུད་མེད་འདུར་རྒྱུག་ཁྲོད་བོད་རིགས་ལུས་རྩལ་བ་ཆོས་དབྱིངས་སྐྱིད་ཨང་བདུན་པ་རེད་འདུག
འདི་ཚེས་༦་ཉིན་ཉི་ཧོང་གི་རྒྱལ་ས་ཊོཀ་ཡོ་(Tokyo)་རྒྱལ་སྤྱིའི་ཨོ་ལིམ་པིཀསི་རྩེད་འགྲན་གྱི་ཐད་གཏོང་གནས་ཚུལ་ལ་གཞིགས་ན། བུད་མེད་ཀྱི་སྤྱི་ལེ་ཉི་ཤུའི་འདུར་རྒྱུག་འགྲན་སྡུར་ཁྲོད་རྒྱལ་ཁབ་འདྲ་མིན་གྱི་བུད་མེད་༥༨་ཡོད་པའི་ཁྲོད། བོད་རིགས་བུད་མེད་ཆོས་དབྱིངས་སྐྱིད་ཡོད་པ་དང་།
ཆུ་ཚོད་གཅིག་ལྷག་གི་འདུར་རྒྱུག་འགྲན་བསྡུར་ཁྲོད། ཡོ་རོབ་རྒྱལ་ཁབ་ཨི་ཊ་ལའི་འདུར་རྒྱུག་མ་(A. Palmisano)་ལགས་དུས་ཡུན་ཆུ་ཚོད་༡།༢༩་དང་སྐར་ཆ་༡༢་ནང་རྒྱུག་ཐུབ་ནས་ཨང་དང་པོ་བླངས་པ་དང་། ཨང་གཉིས་པ་ཀོ་ལོམ་བྷེ་ཡའི་(S. Arenas)ལགས། རྒྱ་རིགས་ལུའུ་(Liu)་ཨང་གསུམ་པ་བཅས་ཡིན་པར། དེའི་ཁྲོད་བོད་ཕྱི་ནང་གཉིས་ཀྱི་བོད་མི་མང་པོས་དོ་སྣང་བྱེད་ཡུལ་དུ་གྱུར་བའི་བོད་མོ་ཆོས་དབྱིངས་སྐྱིད་ལགས་དུས་ཡུན་ཆུ་ཚོད་༡་དང་སྐར་མ་༣༡་དང་སྐར་ཆ་༤་ཡི་ནང་རྒྱུག་ཚར་བ་ཨང་བདུན་པ་ཡིན་པ་རེད།
ཆོས་དབྱིངས་སྐྱིད་ལགས་ནི་༡༩༩༠་ཟླ་༡༡་ཚེས་༡༡་ཉིན་མདོ་སྨད་མཚོ་སྔོན་མཚོ་བྱང་ཁུལ་མདའ་བཞི་རྫོང་ཝ་མགྱོགས་སྡེ་བ་རུ་སྐྱེས་བ་དང་། སྤྱི་ལོ་༢༠༡༢་ལོར་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་དུ་འཚོགས་པའི་རྒྱལ་སྤྱིའི་ཨོ་ལིམ་པིཀསི་རྩེད་འགྲན་ཐོག་སྤྱི་ལེ་༢༠་ཅན་གྱི་བུད་མེད་འདུར་རྒྱུག་འགྲན་བསྡུར་ཁྲོད་དངུལ་གྱི་རྟགས་མ་བླངས་མྱོང་བ་དང་། རྒྱ་ནག་རྒྱལ་ཡོངས་སུ་བེུད་རྟིང་རྩོད་འདུར་རྒྱུག་འགྲན་བསྡུར་ནང་གསེར་གྱི་གཟེངས་རྟགས་གཙོས་རྟགས་མ་མང་པོ་བླངས་མྱོང་ཡོད་པ་རེད་ལ། བོད་རིགས་བུད་མེད་ཞིག་རྒྱལ་སྤྱིའི་ཨོ་ལིམ་པིཀསི་རྩེད་འགྲན་ནང་ཞུགས་ནས་གཟེངས་རྟགས་བླངས་པ་ལོ་རྒྱུས་སྟེང་ཐོག་མ་དེའང་ཆགས་ཡོད་པ་རེད།
གསར་འགོད་པ། དོན་གྲུབ་རྣམ་རྒྱལ། ཀླུ་འབུམ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།