རྒྱ་གར་ཧ་རི་ཡ་ན་མངའ་སྡེའི་བློན་ཆེན་ཚོས་བོད་དོན་ལ་མུ་མཐུད་རྒྱབ་སྐྱོར་གནང་རྒྱུ་གསུང་པ།


2018.10.12
བོད་མི་མང་སྤྱི་འཐུས་ཀྱི་སྐུ་ཚབ་ཚོགས་ཆུང་ཅིག་རྒྱ་གར་ཧ་རི་ཡ་ན་མངའ་སྡེའི་སྲིད་སྐྱོང་དང་མཇལ་འཕྲད་སྐབས། ༢༠༡༨།༡༠ བོད་མི་མང་སྤྱི་འཐུས་ཀྱི་སྐུ་ཚབ་ཚོགས་ཆུང་ཅིག་རྒྱ་གར་ཧ་རི་ཡ་ན་མངའ་སྡེའི་སྲིད་སྐྱོང་དང་མཇལ་འཕྲད་སྐབས། ༢༠༡༨།༡༠
chithu

བོད་མི་མང་སྤྱི་འཐུས་ཀྱི་སྐུ་ཚབ་ཚོགས་ཆུང་ཅིག་རྒྱ་གར་ཧ་རི་ཡ་ན་མངའ་སྡེའི་སྲིད་སྐྱོང་དང་མཇལ་འཕྲད་ཀྱིས་བོད་དོན་ཞུ་གཏུག་གནང་འདུག
དེ་ཡང་བོད་མི་མང་ཕྱོགས་བཞུགས་སྤྱི་འཐུས་རྣམ་པ་ཚོགས་ཆུང་ཁག་དྲུག་ལ་ཆ་བགོས་ཀྱིས། རྒྱ་གར་གྱི་མངའ་སྡེ་ཁག་འདྲ་མིན་ནང་བོད་དོན་ཞུ་གཏུག་གནང་གི་ཡོད་པ་ལས། བོད་མི་མང་སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་དང་། སྤྱི་འཐུས་བསམ་གཏན་ཆོས་སྒྲོན། སྤྱི་འཐུས་བཀྲ་ཤིས་དོན་གྲུབ་དང་སྤྱི་འཐུས་ཟླ་བ་ཚེ་རིང་བཅས་ནས། རྒྱ་གར་ཧི་མ་ཅལ་མངའ་སྡེ་དང་། ཇ་མུ་ཀཤ་མིར་མངའ་སྡེ། ཧ་རི་ཡ་ན་མངའ་སྡེ་དང་པཎ་ཇབ་མངའ་སྡེ། ཨུཏརཱ་ཀནཏ་མངའ་སྡེ་བཅས་ཀྱི་ནང་བོད་དོན་ཞུ་གཏུག་གི་བསྐོར་བསྐྱོད་གནང་བཞིན་ཡོད་པ་ནས། ད་ཆ་ཁོང་ཚོ་ཧ་རི་ཡ་ནར་ཕེབས་ནས་མངའ་སྡེའི་ཤེས་རིག་བློན་ཆེན་དང་དཔལ་འབྱོར་བློན་ཆེན། ཞིང་ལས་བློན་ཆེན་དང་བུད་མེད་དང་ཕྲུ་གུའི་བློན་ཆེན། མངའ་སྡེའི་སྲིད་སྐྱོང་བཅས་དང་མཇལ་འཕྲད་གནང་འདུག  མངའ་སྡེའི་དཔོན་རིགས་ཚོས་༧གོང་ས་མཆོག་གི་དགོངས་པ་གཞིར་བཟུང་། དབུ་མའི་ལམ་གྱི་ཐོག་ནས་བོད་དོན་དཀའ་རྙོག་སེལ་བར་ལངས་ཕྱོགས་གསལ་པོ་བཟུང་བཞིན་པ་ལྟར་དེར་མུ་མཐུད་རྒྱབ་སྐྱོར་ཡོད་ལུགས་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ཀྱིས་ཨེ་ཤེ་ཡ་རང་དབར་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་ཡོད་པ་རེད།
བོད་མི་མང་སྤྱི་འཐུས་ཀྱི་བོད་དོན་ཞུ་གཏུག་གི་ཚོགས་ཆུང་འདིས། དབུ་མའི་ལམ་གྱི་ཐོག་ནས་བོད་རྒྱ་འབྲེལ་མོལ་རྒྱབ་སྐྱོར་དང་། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ལ་རྒྱབ་སྐྱོར། བོད་ནང་རང་ལུས་མེར་སྲེག་གནང་མཁན་ཚོའི་མངོན་འདོད་ལ་རྒྱ་ནག་གཞུང་གིས་གུས་བརྩི་ཡོང་ཐབས་ལ་སྐུལ་འདེད། རྒྱ་གར་མངའ་སྡེ་སོ་སོའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཚོས། མངའ་སྡེའི་གྲོས་ཚོགས་ནང་བོད་དོན་དང་འབྲེལ་བའི་གྲོས་ཆོད་འཇོག་ཐུབ་པ་དང་། རྒྱ་གར་གཞུང་མང་ནས་བོད་དོན་རྒྱབ་སྐྱོར་ཡོད་པ་རྒྱུན་གནས་ཡོང་ཐབས་བཅས་སུ་ཞུ་གཏུག་གནང་གི་ཡོད་པ་རེད།

གསར་འགོད་པ་བློ་བྷེ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎