ལིའུ་ཞོ་པའོ་ལགས་བཙོན་ཁང་ནས་སྨན་ཁང་དུ་སྤོར་འདུག


2017.06.26
ལིའུ་ཞོ་པའོ་དང་འབྲེལ་བའི་གྱང་སྦྱར་པར་རིས་ཞིག ལིའུ་ཞོ་པའོ་དང་འབྲེལ་བའི་གྱང་སྦྱར་པར་རིས་ཞིག
AFP

རྒྱ་ནག་གི་བཙོན་འོག་ཏུ་ཡོད་པའི་ནོ་བྷེལ་ཞི་བདེ་གཟེངས་རྟགས་ཐོབ་མཁན་སྐུ་ཞབས་ལིའུ་ཞོ་པའོ་Liu Xiaoboལགས་ལ་འགོར་འགྱངས་སུ་གྱུར་པའི་མཆིན་པའི་སྐྲན་ནད་ཕོག་པའི་རྐྱེན་གྱིས་གནས་སྐབས་སུ་བཟང་བཙོན་གྱི་གནས་སྟངས་འོག་སྨན་བཅོས་བྱེད་ཀྱིན་ཡོད་འདུག
དེ་ཡང་ཚེས་༢༦་རེས་གཟའ་ཟླ་བའི་ཉིན། ཁོང་གི་ཁྲིམས་རྩོད་པས་གསར་འགྱུར་བརྒྱུད་ལམ་ཁག་ལ་གནས་ཚུལ་བརྗོད་དོན། རྒྱ་ནག་གི་བཙོན་འོག་ཏུ་ཡོད་པའི་ནོ་བྷེལ་ཞི་བདེ་གཟེངས་རྟགས་ཐོབ་མཁན་སྐུ་ཞབས་ལིའུ་ཞོ་པའོ་Liu Xiaoboལགས་ལ་འགོར་འགྱངས་སུ་གྱུར་པའི་མཆིན་པའི་སྐྲན་ནད་ཕོག་པའི་རྐྱེན་གྱིས་གནས་སྐབས་སུ་བཙོན་ཁང་ལ་མ་བཞག་པར་བཟང་བཙོན་གྱི་གནས་སྟངས་འོག་སྨན་བཅོས་བྱ་ཆོག་པའི་འབྲེལ་ཡོད་ཀྱི་ཡིག་ཆ་ཁག་བསྒྲུབས་ཟིན་ཡོད་ཅེས་འགྲེལ་བརྗོད་གནང་ཡོད་འདུག
སྐུ་ཞབས་ལིའུ་ཞོ་པའོ་ཡི་ཁྲིམས་རྩོད་པ་མྰོ་ཧྲོ་ཕེན་གྱིས་མུ་མཐུད་དུ། ལོ་འདིའི་སྤྱི་ཟླ་ལྔ་བའི་ཚེས་ཉེར་གསུམ་ཉིན། སྐུ་ཞབས་ལིའུ་ཞོ་པའོ་ལ་འབྲེལ་ཡོད་ཀྱི་སྨན་པས་རྟོག་དཔྱོད་བྱས་པ་བརྒྱུད་ནས་ཁོང་ལ་འགོར་འགྱངས་སུ་གྱུར་པའི་མཆིན་པའི་སྐྲན་ནད་ཕོག་ཡོད་པ་ཤེས་རྟོགས་བྱུང་པ་རེད་ཅེས་དང་། ཡང་ཁོང་གིས་ང་རང་གིས་ཀྱང་སྐུ་ཞབས་ལིའུ་ཡི་ནང་མི་བརྒྱུད་ནས་གནས་ཚུལ་དེ་ཤེས་རྟོགས་བྱུང་བ་ཡིན། བཙོན་ཁང་གི་ཕྱི་ལོགས་སུ་བཟང་བཙོན་གྱི་གནས་སྟངས་འོག་སྨན་བཅོས་བྱ་རྒྱུའི་འབྲེལ་ཡོད་ཀྱི་ཆོག་མཆན་རྣམས་གཟའ་འཁོར་སྔོན་མའི་ནང་དུ་བླངས་ཟིན་ཡོད་ཅིང་། ད་ལྟ་ཁོང་རྒྱ་ནག་གི་ཧྲིན་ཡྰང་གྲོང་ཁྱེར་གྱི་སྨན་ཁང་ཞིག་གི་ནང་དུ་ནད་བཅོས་བྱེད་ཀྱིན་ཡོད་ཅེས་སོགས་གསུངས་ཡོད་འདུག
སྐུ་ཞབས་ལིག་ཞོ་པའོ་ནི་སྤྱི་ལོ་༢༠༠༩ ལོའི་ཟླ་བཅུ་གཉིས་པའི་ནང་དུ་། ཐིག་བརྒྱད་རྩ་འཛིན་ཞེས་པའི་ཡིག་ཆ་དེ་བྲིས་པའི་དབང་གིས། རྒྱ་ནག་གིས་ཁོང་ལ་རྒྱལ་ཁབ་མགོ་རྟིང་སློག་པའི་ནག་ཉེས་ཟེར་བ་ཞིག་བཙུགས་ནས་མི་ལོ་བཅུ་གཅིག་གི་བཙོན་འཇུག་གི་ཁྲིམས་ཐག་བཅད་ཅིང་། སྤྱི་ལོ་༢༠༡༠་ལོར་ནོ་བྷེལ་རྒྱུན་ལས་མཐུན་ཚོགས་ཀྱིས་རྒྱ་ནག་གི་བཙོན་འོག་ཏུ་ཡོད་པའི་སྐུ་ཞབས་ལིའུ་ཞོ་པའོ་ལ་ནོ་བྷེལ་ཞི་བདེ་གཟེངས་རྟགས་ཐོབ་ཟིན་པའི་གསལ་བསྒྲགས་གནང་ཡོད། ཡིན་ནའང་ཁོང་དང་ཁོང་གི་ནང་མི་རྣམས་ལ་གཟེངས་རྟགས་དེ་ལེན་དུ་འགྲོ་བའི་རང་དབང་མ་སྤྲད་པར་བརྟེན་ནས། ཁོང་གི་ནོ་བྷེལ་ཞི་བདེ་གཟེངས་རྟགས་ཀྱི་མཛད་སྒོའི་སྐབས་སུ་རྐུབ་སྟེགས་སྟོང་པ་ཞིག་གི་སྟེང་དུ་ཁོང་གི་གཟེངས་རྟགས་འཇོག་དགོས་བྱུང་ཡོད་པ་རེད།

གསར་འགོད་པ་ཀེ་ཐོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎