ཡོ་རོབ་རྒྱ་རིགས་འབྲེལ་མཐུད་པ་སངས་རྒྱས་སྐྱབས་ལགས་ཀྱིས་འཇར་མི་ནིར་བཅའ་སྡོད་ཐེ་ཝན་སྐུ་ཚབ་ཞིས་ཀྲི་ཚེ་དང་མཇལ་འཕྲད་གནང་འདུག

2024.10.25
ཡོ་རོབ་རྒྱ་རིགས་འབྲེལ་མཐུད་པ་སངས་རྒྱས་སྐྱབས་ལགས་ཀྱིས་འཇར་མི་ནིར་བཅའ་སྡོད་ཐེ་ཝན་སྐུ་ཚབ་ཞིས་ཀྲི་ཚེ་དང་མཇལ་འཕྲད་གནང་འདུག
Tibet.net

ཟླ ༡༠ པའི་ཚེས ༢༣ ཉིན་འཇར་མི་ནིར་བཅའ་སྡོད་ཐེ་ཝན་གྱི་སྐུ་ཚབ་ཁང་གིས་གོ་སྒྲིག་བྱས་པའི་དགོང་ཚིགས་གསོལ་སྟོན་དེའི་ཐོག་ཧོང་ཀོང་དང་སོག་པོ། ཤར་ཏུ་ཀི་སི་ཐན། རྒྱ་ནག་དམངས་གཙོ་ལས་འགུལ་བ་སོགས་ཀྱི་སྐུ་ཚབ་ཀྱང་མཉམ་ཞུགས་གནང་ཡོད་པ་རེད།

IMG-20241024-WA0001-1024x813.jpg

ཡོ་རོབ་རྒྱ་རིགས་འབྲེལ་མཐུད་པ་སངས་རྒྱས་སྐྱབས་ལགས་དང་ཞིས་ཀྲི་ཝེ་རྣམ་པ་གཉིས་ཀྱི་བཀའ་མོལ་ལྷུག་པོར་གནང་ཡོད་པ་དང་། སྐབས་དེར་སངས་རྒྱས་སྐྱབས་ལགས་ཀྱིས་ཐེ་ཝན་གཞུང་དམངས་གཉིས་ཀས་དུས་དང་རྣམ་པ་ཀུན་ཏུ་བོད་དོན་དང་བོད་མིར་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེ་ཞུས་ཡོད་པ་དང་། ཐེ་ཝན་སྐུ་ཚབ་ཞིས་ཀྲི་ཝེ་ཡིས་མུ་མཐུད་ནས་བོད་དོན་ལ་རྒྱབ་སྐྱོར་གནང་རྒྱུ་ཞལ་བཞེས་གནང་འདུག མཇལ་མོལ་སྐབས་བོད་མི་ཚོ་རྒྱ་ནག་གི་དམ་དྲག་དབང་བསྒྱུར་འོག་འཕྲད་བཞིན་པའི་ཁ་ཚ་དགོས་གཏུག་གི་དཀའ་ངལ་གླེང་ཡོད་པའི་ཁྲོད། རྒྱ་ནག་གཞུང་གིས་མངོན་གསལ་འཛེམ་མེད་ཀྱི་སྒོ་ནས་བོད་མི་རིགས་རྒྱ་བསྒྱུར་བྱས་དང་བྱེད་བཞིན་པའི་གནས་སྟངས་གླེང་ཡོད་པ་རེད། ཆབས་ཅིག་ཏུ་སངས་རྒྱས་སྐྱབས་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་སྲིད་ཇུས་ལྟར་བོད་དང་རྒྱ་རིགས། ཐེ་ཝན་པ། སོག་པོ། ཧོང་ཀོང་བ། ཤར་ཏུ་ཀི་སི་ཐན་བཅས་སྟོབས་ཤུགས་མཉམ་གཅིག་ཏུ་སྤུངས་ནས་རྒྱ་ནག་གི་གཉའ་གནོན་ལ་ངོ་རྒོལ་བྱེད་དགོས་པ་སྐུལ་འདེད་གནང་འདུག དེ་བཞིན་དུ་སྐུ་ཞབས་ཞིས་ཀྲི་ཝེ་ཡིས་ཀྱང་མཐུན་ཕྱོགས་ཚོས་མཉམ་ལས་བྱེད་རྒྱུའི་གལ་ཆེའི་རང་བཞིན་སོགས་གླེང་ཡོད་པ་རེད།

ཚེས ༢༤ ཉིན། སངས་རྒྱས་སྐྱབས་ལགས་སོགས་སྐུ་ཚབ་གཞན་ཚང་མ་འཇར་མཱ་ནི་ཡི་བྷིར་ལེན་དུ་ཕེབས་ནས་ཚོགས་འདུ་བསྐོངས་ནས་རྒྱ་ནག་དམར་ཤོག་ཚོགས་པའི་དབང་བསྒྱུར་བའི་མི་ལོ ༧༥ ་རིང་གི་རྒྱ་ནག་གི་དམངས་གཙོའི་ལས་དོན་སྐོར་ལ་བགྲོ་གླེང་ཡོད་པ་རེད། ཐེ་ཝན་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱང་དྲ་ལམ་ནས་ཚོགས་འདུར་ཞུགས་ཡོད་པ་རེད། 

གསར་འགོད་པ།  སྟག་ལྷ་རྒྱལ།

རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།

དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།

དྲྭ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎