གྲངས་ཉུང་མི་རིགས་ཀྱི་སྐུ་ཚབ་དང་མཇལ་འཕྲད།

ཧུ་ཅིན་ཐའོ་ཡིས་ཚོགས་ཆེན་གྱི་ཞོར་དུ་བོད་རིགས་གཙོས་གྲངས་ཉུང་མི་རིགས་ཀྱི་སྐུ་ཚབ་དང་མཇལ་འཕྲད་གནང་བ།

2012.03.11

༄༅༎རྒྱ་ནག་གི་སྲིད་འཛིན་ཧུ་ཅིན་ཐའོའི་གཙོས་པས་རྒྱ་ནག་གི་ཆེས་མཐོའི་དབུ་ཁྲིད་རྣམས་ཀྱིས་རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་གྱི་ཞོར་དུ་བོད་རིགས་གཙོས་པའི་མི་རིགས་འདྲ་མིན་གྱི་སྐུ་ཚབ་རྣམས་མཇལ་འཕྲད་ཀྱིས་གྲངས་ཉུང་མི་རིགས་ཀྱིས་སྐུ་ཚབ་ཚོས་རང་འཁྲིའི་ལས་འགན་ཚུལ་བཞིན་འགྲུབ་དགོས་པ་དང་མི་མང་གི་བདེ་སྡུག་དུས་ཐོག་གཞུང་ལ་ཞུ་དགོས་པའི་ལམ་སྟོན་དང་འབོད་སྐུལ་ཞུས་གནང་འདུག
རེས་གཟའ་སྤེན་པའི་ཕྱི་དྲོ་རྒྱ་ནག་ཆེས་མཐོའི་དཔོན་རིགས་རྣམས་པེ་ཅིན་ནང་མི་མང་ཚོགས་ཁང་ཆེན་མོའི་ནང་གསོལ་ཇའི་འདུ་འཛོམས་ཐོག་དབུ་ཁྲིད་རྣམ་པ་ཚོས་གྲངས་ཉུང་མི་རིགས་ཚོའི་སྐུ་ཚབ་ཚོར་རང་འཁྲིའི་ལས་འགལ་ཚུལ་བཞིན་འགྲུབ་དགོས་པ་དང་མི་མང་གི་བདེ་སྡུག་དུས་ཐོག་གཞུང་ལ་ཞུ་དགོས་པའི་ལམ་སྟོན་དང་སྦྲགས། གྲངས་ཉུང་མི་རིགས་ས་ཁུལ་ཚོའི་ཡར་རྒྱས་ཆེད་ཆིག་སྒྲིལ་དགོས་པའི་སྐུལ་དེད་ནན་པོ་གནང་ཡོད་ལུགས་གཞུང་འབྲེལ་གསལ་བསྒྲགས་གནང་འདུག སྲིད་འཛིན་ཧུ་ཐའོ་ཡིས་སྐབས་དེ་བོད་དང་ཤར་ཏུརྐིསྟན་རང་སྐྱོང་ལྗོངས་ས་ཁུལ་གཉིས་ཀྱི་སྐུ་ཚབ་དང་ཟུར་ཐུགས་འཕྲད་ཀྱིས་མི་མང་གི་བདེ་སྡུག་ལ་ལྟ་རྟོག་ཐད་ཟབ་ནན་བྱེད་དགོས་པའི་ལམ་སྟོན་ཡང་གནང་ཡོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎