ང་ཕོད་ངག་དབང་འཇིགས་མེད་མཆོག་གི་སྐུ་ཕུང་ཞུ་འབུལ་གནང་།

རྒྱ་ནག་གི་དཔོན་རིགས་ཚོས་ང་ཕོད་ངག་དབང་འཇིགས་མེད་མཆོག་གི་སྐུ་ཕུང་ཞུ་འབུལ་གནང་ཡུལ་དུ་མཉམ་ཞུགས་གནང་ཡོད་འདུག

2009.12.28

༄༅༎རྒྱ་ནག་གི་དཔོན་རིགས་ཚོས་ང་ཕོད་ངག་དབང་འཇིགས་མེད་མཆོག་གི་སྐུ་ཕུང་ཞུ་འབུལ་གནང་ཡུལ་དུ་མཉམ་ཞུགས་གནང་ཡོད་འདུག

ཤིན་ཧ་གསར་འགྱུར་ལས་ཁང་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་རྒྱ་ནག་ཏུ་དགོངས་པ་རྫོགས་པའི་སྐུ་ངོ་ང་ཕོད་ངག་དབང་འཇིགས་མེད་མཆོག་གི་སྐུ་ཕུང་ཞུ་འབུལ་ཁ་ས་རེས་གཟའ་ཟླ་བའི་ཉིན་གནང་ཡོད་པ་དང་། སྐབས་དེར་རྒྱ་ནག་གི་སྲིད་འཛིན་ཧུ་ཇིན་ཏོ་དང་། སྲིད་འཛིན་ཟུར་པ་ཅང་ཛེ་མིན། སྲིད་བློན་ལྦན་ཇ་བའོས་གཙོས་དཔོན་རིགས་མཐོ་གྲས་མང་པོ་ཞིག་ནས་མཉམ་ཞུགས་གནང་ཡོད་འདུག

དེ་དང་ཕྱོགས་མཚུངས་ཁ་ས་རེས་གཟའ་ཟླ་བའི་ཉིན་བོད་ཀྱི་ཉིན་རེའི་གསར་ཤོག་ཅེས་པའི་མདུན་ཤོག་ཏུ་སྐུ་ངོ་ངག་ཕོད་ངག་དབང་འཇིགས་མེད་དམ་པ་དེའི་སྐུ་པར་ཆེན་པོ་ཞིག་བཏོན་ནས་ཁོང་ནི་རྒྱལ་ཞེན་ལྡན་པ་དང་། སྤྱི་ཚོགས་ཞབས་ཞུ་བ། བོད་མི་མང་དང་རྒྱ་ནག་གུང་བྲན་སྲིད་གཞུང་དང་མཉམ་མཐུན་ཕྱོགས་ཀྱི་ལམ་ནས་མཛད་རྗེས་བཞག་མཁན་གྱི་མི་སྣ་ཞིག་རེད་ཅེས་བསྔགས་བརྗོད་ཞུས་ཡོད་པ་རེད།

ཁོང་གི་བུ་མོ་ངག་ཕོད་ཚེ་དབང་ལགས་ནས། པ་ལགས་དམ་པ་དེ་ནི་ཐུགས་གཤིས་འཇམ་ཞིང་།

དྲང་ཚུགས་ལྡན་པ། ཚང་མར་གུས་བརྩི་གནང་མཁན་ཞིག་ཡིན་པ་དང་། ཁོང་གི་མཛད་རྗེས་ལ་མིག་དཔེ་འོས་པ་ཞིག་རེད་ལ་ཁོང་རང་ཉིད་ནས་སྐུ་ཚེའི་ནང་ཕྱག་ལས་གང་གནང་བ་དེར་ཐུགས་འགྱོད་པ་མེད་པ་ཞིག་ཡིན་པར་ངོས་འཛིན་གནང་གི་ཡོད་རེད་བསམ་གྱི་འདུག་ཅེས་འགྲེལ་བརྗོད་གནང་ཡོད་པ་རེད།

ཡང་གོང་ཞུས་གནས་ཚུལ་ནང་མུ་མཐུད་ནས་སྐུ་ང་ཕོད་མཆོག་གི་དེ་སྔ་གསར་ཤོག་ཁག་ལ་གསུངས་པ་ཁག་ཅིག་ལུང་གྲངས་གནང་བའི་ཁོངས་སུ། བོད་མི་རིགས་ནི་རྒྱ་ནག་རྒྱལ་ཁབ་ཆེན་པོ་འདིའི་ནང་ལོ་རྒྱུས་དང་རིག་གཞུང་གི་ཕྱུག་པའི་གྲངས་ཉུང་མི་རིགས་ཤིག་ཡིན་པ་དང་། བོད་ནང་བཅོས་བསྒྱུར་ལམ་ལྷོང་ལྡན་པ་ཞིག་བྱུང་བ་དེ་ནི་རྒྱ་ནག་གུང་བྲན་སྲིད་གཞུང་གི་ཡང་དག་པའི་སྲིད་བྱུས་ལག་བསྟར་བྱས་པའི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་རེད། གལ་སྲིད་དེ་ལྟར་བྱས་མེད་པ་ཡིན་ན་བོད་ནང་བྲན་གཡོག་རིང་ལུགས་རང་འཇགས་གནས་པ་དང་དེས་རྐྱེན་པས་བྲན་གཡོག་ཚང་མ་འཆི་རྒྱུ་ཉག་ཅིག་རེད་ཅེས་གསུངས་ཡོད་ལུགས་བཀོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎