རྒྱ་ནག་ཏུ་ཧུའུ་ཅ་སླར་ཡང་འཛིན་བཟུང་བྱེད་ཉེན།
2012.01.12
༄༅༎རྒྱ་ནག་གཞུང་གིས་རྒྱ་ནག་གཞུང་དང་ལྟ་སྤྱོད་མི་མཐུན་པའི་མི་སྣ་གྲགས་ཅན་ཧུ་ཅ་ཡི་རྩིས་འཁོར་གཉིས་གཞུང་བཞེས་བཏང་སྟེ་ཁོང་སླར་ཡང་བཙོན་གྲོལ་ཁ་ཆད་དང་འགལ་འཛོལ་བྱུང་བར་བསྙད་དེ་འཛིན་བཟུང་དོ་དམ་འོག་བཅུག་ཉེན་འདུག རང་ལོ་སུམ་ཅུ་སོ་བརྒྱད་ལ་ཕེབས་པའི་ཧུ་ཅ་ལ་སྔར་ལོ་རྒྱལ་ཁབ་མགོ་རྟིང་སློག་་མཁན་ཡིནཔའི་ཉེས་འཛུགས་འོག་ལོ་ངོ་གསུམ་དང་ཕྱེད་རིང་བཙོན་འཇུག་བྱས་པ་ཡིན་པ་རེད། རྒྱ་ནག་ནང་རྒྱ་ནག་གུང་གྲན་ཏང་གི་གཞུང་ལ་སྐྱོན་འཛུགས་བྱས་ན། དེ་ནི་རྒྱལ་ཁབ་རྩ་གཏོར་གཏོང་གི་ཡོད་པའི་སྐྱོན་འཛུགས་དང་ཉེས་ཆད་གཏོང་གི་ཡོད་པ་རེད། ལྷག་པར་དུ་ཕྱི་ལོ་༢༠༡༢་ལོར་རྒྱ་ནག་གུང་གྲན་ཏང་གི་འགོ་ཁྲིད་འཕོ་བསྒྱུར་འགྲོ་འི་ཡོད་སྟབས། རྒྱ་ནག་གཞུང་དང་ལྟ་སྤྱོད་མི་མཐུན་པའི་མི་སྣ་གྲགས་ཅན་ཚོར་སྐྱོན་བརྗོད་དང་དམ་བསྒྲཌ་ཇེ་ཆེར་འགྲོ་བཞིན་པ་རེད། རྒྱ་ནག་གཞུང་དང་ལྟ་སྤྱོད་མི་མཐུན་པའི་མི་སྣ་གྲགས་ཅན་ཧུ་ཅ་བཙོན་གྲོལ་ཐོབ་པ་ནས་བཟུང་མང་གཙོའི་ལས་འགུལ་ནང་དངོས་གསལ་དོད་པོ་བྱས་ནས་ཞུགས་གནང་མེད་ཅིང་། འོན་ཀྱང་ཉེན་རྟོག་པ་བརྒྱད་ཡོང་སྟེ་ཁོང་གི་རྩིས་འཁོར་གཞུང་བཞེས་དང་འདྲི་བརྩད་བྱས་འདུག གལ་ཏེ་ཁོང་འཛིན་བཟུང་བྱས་པ་ཡིན་ན། རྒྱ་ནག་གི་ལྟ་བ་མི་མཐུནཔའི་མི་སྣར་དྲག་གནོན་བྱས་དང་བྱེད་བཞིན་པའི་གནད་དོན་རྒྱལ་སྤྱིའི་ནང་གླེང་སློང་བྱེད་ཤུགས་ཆེ་རུ་འགྲོ་ངེས་པ་ཡིན་པ་རེད། རྒྱ་ནག་གཞུང་དང་ལྟ་སྤྱོད་མི་མཐུན་པའི་མི་སྣ་གྲགས་ཅན་ཧུ་ཅ་ལ་ཕྱི་ལོ་༢༠༠༨་ལོའི་ཡོ་རོབ་གྲོས་ཚོགས་ཀྱི་གཟེངས་རྟགས་འབུལ་བཞེས་གནང་ཡོད་པ་མ་ཟད། ཕྱི་ལོ་༢༠༡༠་ལོའི་ནོ་སྦེལ་གཟེངས་རྟགས་ཀྱི་འོས་མིའི་ཁོངས་སུ་ཚུད་ཡོད་ཀྱང་མཐར་ནོ་སྦེལ་གཟེངས་རྟགས་ཁོང་གི་ཕྱག་སྦྲེལ་རྒྱ་ནག་གཞུང་དང་ལྟ་སྤྱོད་མི་མཐུན་པའི་མི་སྣ་གྲགས་ཅན་ལི་ཤའོ་པོ་ལ་འབུལ་བཞེས་གནང་བ་ཡིནཔ་རེད།།