རྒྱ་མི་བཙན་ཁྲིད་དམར་བསད་བཏང་བར་རྒྱ་ནག་གིས་ཁ་རྡུང་བཏང་བ།


2015.11.19
ཨི་སི་ལམ་གྱིས་བཙན་ཁྲིད་གཏའ་མར་ཉར་ནས་བསད་བའི་རྒྱ་མི་ཕན་ཅིན་ཧུད་ཀྱི་ཉེ་པར། ཨི་སི་ལམ་གྱིས་བཙན་ཁྲིད་གཏའ་མར་ཉར་ནས་བསད་བའི་རྒྱ་མི་ཕན་ཅིན་ཧུད་ཀྱི་ཉེ་པར།
(Public Domain)

ཨི་སི་ལམ་གྱིས་བཙན་ཁྲིད་གཏའ་མར་ཉར་བའི་རྒྱ་མི་ཕན་ཅིན་ཧུད་དམར་བསད་བཏང་བར་རྒྱ་ནག་ཕྱོགས་ནས་ཁ་རྡུང་དྲག་པོ་བཏང་འདུག
དེ་ཡང་དེ་རིང་BBC་སོགས་ཕྱི་ཕྱོགས་བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་པར་གཞིགས་ན། ཨི་སི་ལམ་རྒྱལ་ཁབ་ཅེས་ཐལ་བསྐྱོད་དྲག་སྤྱོད་པས་བཙན་ཁྲིད་བྱས་པའི་རྒྱ་ནག་གི་སྤྱི་འབངས་ཕན་ཅིན་ཧུད་བཙན་ཁྲིད་ཀྱིས་དམར་བསད་བཏང་བའི་གནས་ཚུལ་ངེས་གསལ་བྱུང་རྗེས། རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་དེ་རིང་ཟླ་༡༡་ཚེས་༡༩་ཉིན་གསལ་བསྒྲགས་སྤེལ་ནས། ཨི་སི་ལམ་རྒྱལ་ཁབ་ཀྱིས་བཙན་ཁྲིད་གཏའ་མར་ཉར་བའི་རྒྱ་ནག་གི་སྤྱི་འབངས་དམར་བསད་བཏང་བར་ཁ་རྡུང་དྲག་པོ་གཏོང་རྒྱུ་མ་ཟད། ངེས་པར་དུ་ཉེས་ཅན་པར་ཁྲིམས་གཅོད་ནན་པོ་གཏོང་རྒྱུ་ཡིན་པའི་དམ་བཅའ་འཇོག་རྒྱུ་ཡིན་པ་གསལ་བ་དང་འབྲེལ་དམར་བསད་བཏང་བའི་རྒྱ་ནག་གི་སྤྱི་འབངས་ཕན་ཅིན་ཧུད་ཀྱི་ནང་མིར་སེམས་གསོ་བྱ་རྒྱུ་ཡིན་པའི་སྐོར་དང་།  ཕྱོགས་མཚུངས་ད་ལྟ་ཕི་ལི་པིང་རྒྱལ་ས་མ་ཎི་ལར་ཚོགས་བཞིན་པའི་ཨེ་ཤ་ཡའི་མངའ་ཁུལ་གྱི་མཉམ་འབྲེལ་སྒྲིག་འཛུགས་ཀྱི་ཐེངས་༢༣་པའི་འགོ་ཁྲིད་ཚོགས་འདུར་སླེབས་པའི་རྒྱ་ནག་གི་འགོ་ཁྲིད་ཤིའི་ཅིན་ཕིང་གིས་ཀྱང་གོང་གསལ་རྒྱ་ནག་གི་སྤྱི་འབངས་དམར་བསད་བཏང་བའི་དོན་གྱི་ཐད་གཏམ་བཤད་སྤེལ་བའི་ནང་། འཇིགས་སྐུལ་དྲག་སྤྱོད་རིང་ལུགས་ནི་མིའི་རིགས་ཀྱི་སྤྱི་དགྲ་ཞིག་ཡིན་པ་དང་། རྒྱ་ནག་གཞུང་གིས་སེམས་ཐག་གཙང་བཅད་ཐོག་ནས་འཇིགས་སྐུལ་རིང་ལུགས་ཀྱི་རྣམ་པ་ཐ་དག་ལ་ངོ་རྒོལ་བྱེད་རྒྱུ་དང་། མིའི་རིགས་ཀྱི་དཔལ་ཡོན་ལ་འགྲན་རྒོལ་བྱེད་པའི་དྲག་རྩུབ་ཀྱི་བྱེད་སྒོར་སེམས་ཐག་གཙང་བཅད་ཀྱིས་རྡུང་རྡེག་གཏོང་རྒྱུའི་རྣམ་པ་བསྟན་ཡོད་འདུག
གནས་ཚུལ་ནང་འཁོད་པ་ལྟར། གོང་གསལ་ཨི་སི་ལམ་རྒྱལ་ཁབ་ཀྱིས་དམར་བསད་བཏང་བའི་རྒྱ་ནག་གི་སྤྱི་འབངས་ཕན་ཅིན་ཧུད་ནི་པེ་ཅིན་དུ་གནས་སྡོད་རང་ཚུགས་ལྡན་པའི་ལས་རིགས་པ་ཞིག་ཡིན་ཞིང་། ད་ལོ་ལོ་༥༠ཡིན་པ་དང་། ཨི་སི་ལམ་རྒྱལ་ཁབ་སྒྲིག་འཛུགས་ཀྱིས་བཙན་ཁྲིད་གཏའ་མར་ཉར་ནས་བསླུ་རིན་དགོས་ཐབས་བྱས་པ་མ་ཟད། མཐའ་མཇུག་དམར་བསད་བཏང་བའི་རྒྱ་མི་ཞིག་ཡིན་པ་རེད།

གསར་འགོད་པ་འཇམ་དཔལ་ཕུན་ཚོགས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎