རྒྱ་མིའི་དཀྲོག་གཏམ་སྤེལ་མཁན་མི་གཉིས་འཛིན་བཟུང་བྱས་པ།


2015.12.29
རྒྱ་མིའི་དཀྲོག་གཏམ་སྤེལ་མཁན་མི་གཉིས་འཛིན་བཟུང་བྱས་པ། རྒྱ་དམག་གི་རུ་སྒྲིག་ཅིག་གི་སྐབས།
ཤིན་ཧ།

༄༅། རྒྱ་མིའི་ཉེན་རྟོགས་པས་རྒྱ་ནག་ལྷོ་ཕྱོགས་Shenzhen གྲོང་ཁྱེར་ནང་དྲག་པོའི་འཇིགས་སྐུལ་རིང་ལུགས་པ་བརྒྱ་ཕྲག་མང་པོ་སླེབས་སྐོར་དཀྲོག་གཏམ་སྤེལ་མཁན་མི་གཉིས་འཛིན་བཟུང་བཀག་ཉར་བྱས་འདུག རྒྱ་ནག་གཞུང་གིས་དྲག་པོའི་འཇིགས་སྐུལ་རིང་ལུགས་སྐོར་གནས་ཚུལ་རྫུན་མ་ཁྱབ་སྤེལ་བཀག་འགོག་བྱ་རྒྱུའི་ཁྲིམས་གཞི་གསར་པ་ལག་ལེན་མ་བསྟར་བའི་ཉིན་ཤས་སྔོན་ཏེ་གཟའ་ཟླ་བའི་ཉིན་རྒྱ་ནག་ལྷོ་ཕྱོགས་Shenzhen གྲོང་ཁྱེར་ནང་གི་གསལ་ཁ་མ་བཏོན་པའི་ཁེ་གཉེར་ལས་ཁང་གི་འགོ་འཛིན་གཉིས་ནས་ཁེ་གཉེར་ལས་ཁང་གི་དྲ་རྒྱའི་ཐོག་དཀྲོག་གཏམ་འཁོད་པའི་བརྡ་མཐོ་བཀོད་པར་ མི་དེ་གཉིས་ས་གནས་ཉེན་རྟོག་པས་འཛིན་བཟུང་བཀག་ཉར་བྱས་འདུག་པས་ བརྡ་ཐོ་དེའི་འདྲ་པར་རྒྱ་མིའི་ཉེན་རྟོག་པས་བཏོན་པར་གཞིགས་ན། བརྡ་ཐོ་དེའི་ནང་གྲངས་ཉུང་ཡུ་གུར་ཁ་ཆེའི་མི་རིགས་ཀྱི་ས་གནས་ཤིན་ཅང་ནས་ཡིན་པ་དང་ISཞེས་ཁ་ཆེའི་དྲག་སྤྱོད་པས་སྦྱོང་བརྡར་སྤྲད་པའི་འཇིགས་སྐུལ་རིང་ལུགས་པ་༣༠༠ལྷག་ཙམ་Shenzhen གྲོང་ཁྱེར་ནང་འབྱོར་བ་དེའི་སྐོར་ལས་མི་ཚོར་ཉེན་བརྡ་བཏང་ཡོད་འདུག ཤིང་ཅང་ནང་དྲག་པོའི་འཇིགས་སྐུལ་རིང་ལུགས་ཀྱིས་གཏོར་རྒོལ་བཏང་བའི་ནང་ཡུ་གུར་མི་རིགས་ཡོད་པ་དང་རྒྱ་ནག་གཞུང་གི་དཔོན་རིགས་ཚོས་ཁོང་ཚོ་གོ་ལའི་དྲག་པོའི་འཇིགས་སྐུལ་རིང་ལུགས་ཀྱི་ཆ་ཤས་ཤིག་ཡིན་ལུགས་རྩིས་ཀྱི་ཡོད་རུང་རྒྱ་གཞུང་ལ་ངོ་རྒོལ་སྐྱོན་བརྗོད་བྱེད་མི་ཚོས་དེ་ནི་གཙོ་བོ་རྒྱ་ནག་གཞུང་གིས་ཤིང་ཅང་གི་ཡུ་གུར་གྲངས་ཉུང་མི་རིགས་ཐོག་དྲག་གནོན་བྱས་པ་དང་ཁོང་ཚོའི་ཆོས་ལུགས་དམ་བསྒྲགས་བཀག་སྡོམ་གྱི་གདུག་རྩུབ་ཆེ་བའི་དྲག་གནོན་བྱས་པའི་རྐྱེན་གྱིས་ས་གནས་རང་གི་ངོ་རྒོལ་གྱེན་ལོག་པ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པའི་གནས་ཚུལ་འདུག༎

གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎