ཀྲང་ཆིང་རླིས་བོད་ཀྱི་གཞོན་ལྷན་སྐོར་གླེང་བ།
བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་འགོ་འཁྲིད་ཀྲང་ཆིའི་རླིས་ཀྱིས་བོད་ཀྱི་ཁ་བྲལ་རིང་ལུགས་པའི་ཚོགས་པ་ཚོའི་སྐོར་གླེང་བ།
-
2011-01-28 -
-
-
༄༅༎བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་འགོ་འཁྲིད་ཀྲང་ཆིའི་རླིས་ཀྱིས་བོད་ཀྱི་ཁ་བྲལ་རིང་ལུགས་པའི་ཚོགས་པ་ཚོར་ཁ་གཏད་གཅོག་རྒྱུར་ཤིན་ཅང་ཁ་བྲལ་རིང་ལུགས་པ་ཚོར་ཁ་གཏད་བཅག་རྒྱུ་ལས་རྙོག་དྲ་ཆེ་བ་ཡོད་ལུགས་བརྗོད་ཡོད་པ་རེད་
ཉེ་ཆར་རྒྱ་ནག་ཉིན་རེའི་ཚགས་ཤོག་གིས་་བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་འགོ་འཁྲིད་ཀྲང་ཆིའི་རླིས་ལ་བཅའ་དྲི་བྱས་པའི་སྐབས་ བོད་ཀྱི་ཁ་བྲལ་རིང་ལུགས་པ་ཚོར་ཤིན་ཅང་གི་ཁ་བྲལ་རིང་ལུགས་ལ་ལྟ་བུའི་འཇིགས་སྐུལ་དྲག་སྤྱོད་ཀྱི་ལས་དོན་སྤེལ་གྱི་ཡོད་ལུགས་ཚིག་ཐག་བཅད་ནས་བཤད་ཐུབ་རྒྱུ་ཁག་པོ་ཡོད་པ་དང་ དཔེར་ན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཟེར་བ་ལྟ་བུ་འཇིགས་སྐུལ་དྲག་སྤྱོད་ཀྱི་ཚོགས་པ་བཞིན་ རྒྱ་ནག་གི་ཁ་གཏད་ཀྱི་འཇིགས་སྐུལ་དྲག་སྤྱོད་ཀྱི་ལས་དོན་སྤེལ་བའི་དཔང་རྟགས་མེད་པ་མ་ཟད་ རྒྱལ་སྤྱིའི་སྤྱི་ཚོགས་ནས་ཀྱང་ཚོགས་པ་དེ་འཇིགས་སྐུལ་དྲག་སྤྱོད་པར་ངོས་འཛིན་བྱེད་ཀྱི་མེད་པར་བརྟེན་ རྒྱ་ནག་གཞུང་གིས་དེ་བས་སེམས་འཚབ་བྱེད་དགོས་ཡས་ཤིག་ཆགས་ཡོད་ལུགས་དང་ ཡང་ཀྲང་ཆིས་རླིད་ཀྱིས་རྒྱ་ནག་གཞུང་གི་གནོན་ཤུགས་འོག་ཤར་ཏུར་ཀི་སི་ཐན་ཨི་སེ་ལམ་ལས་འགུལ་ཚོགས་པ་ལྟ་བུ་ཤིན་ཅང་རང་བཙན་ཡིན་ཞེས་འབོད་མཁན་གྱི་ཚོགས་པ་ཁག་ཅིག་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཇིགས་སྐུལ་དྲག་སྤྱོད་པའི་ཐོ་གཞུང་ནང་མིང་ཐོ་བཏོན་ཡོད་པར་བརྟེན་ ཤིན་ཅང་རང་བཙན་ཚོགས་པ་དེ་རིགས་ཀྱིས་ཁ་བྲལ་གྱི་བྱ་སྤྱོད་སྤེལ་རྒྱུར་འཇིགས་སྐུལ་དྲག་སྤྱོད་ཀྱི་བྱ་སྤྱོད་ཡིན་མིན་ལ་མ་ལྟོས་པར་རྒྱ་ནག་གཞུང་གིས་རྡུང་རྡེག་གཏོང་ཐུབ་རྒྱུ་དང་ ཡིན་ནའི་བོད་ཀྱི་གནས་སྟངས་དེ་དེ་བས་རྙོག་དྲ་ཚ་བ་ཡོད་པས་ འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ལྟ་བུའི་བོད་རང་བཙན་རྩོད་མཁན་ཚོགས་པ་ཚོ་ཡང་འཇིགས་སྐུལ་དྲག་སྤྱོད་པའི་ཚོགས་པ་ཡིན་པར་གསལ་བསྒྲགས་ཡོང་རྒྱུའི་རེ་བ་སྒྲུབ་ཐུབ་རྒྱུ་ལ་རྒྱ་ནག་གཞུང་གིས་འབད་རྩོན་བྱེད་དགོས་ཀྱི་ཡོད་ལུགས་བརྗོད་ཡོད་འདུག