བོད་དཀར་མཛེས་ཁུལ་དུ་ལོ་གསར་གཏོང་དགོས་པའི་གནོན་ཤུཌ།
དཀར་མཛེས་ཁུལ་དུ་ས་གནས་རྒྱ་ནག་གི་དཔོན་རིགས་ཚོས་བོད་མི་ཚོར་བོད་ཀྱི་ལོ་གསར་སྲུང་བརྩི་ཞུ་དགོས་པའི་གནོན་ཤུགས་སྤྲོད་ཀྱི་ཡོད་པ།
-
2010-01-21 -
-
-
༄༅༎བོད་ཀྱི་ཤར་ཕྱོགས་ཁམས་དཀར་མཛེས་ཁུལ་དུ་ས་གནས་རྒྱ་ནག་གི་དཔོན་རིགས་ཚོས་བོད་མི་ཚོར་བོད་ཀྱི་ལོ་གསར་སྲུང་བརྩི་ཞུ་དགོས་པའི་གནོན་ཤུགས་སྤྲོད་ཀྱི་ཡོད་པ་རེད་ སྔ་ལོ་བཞིན་ས་གནས་ཀྱི་ཡུལ་མི་ཚོས་རྒྱ་ནག་གཞུང་གིས་བོད་མིའི་ཞི་བའི་ལས་འགུལ་རིགས་ལ་གདུག་རྩུབ་ཅན་གྱི་དྲག་གནོན་འོག་རྐྱེན་ལམ་དུ་ཕྱིན་པ་དང་ ད་ལྟ་བཙོན་ཁང་ནང་སྡུག་སྦྱོང་མནར་གཅོད་མྱོང་བཞིན་པ་རྣམས་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་དུ་འདི་ལོ་ཡང་བོད་ཀྱི་ལོ་གསར་སྲུང་བརྩི་བྱེད་རྒྱུ་མིན་པའི་ཐག་གཅོད་བྱས་ཡོད་པ་རེད་
……འོན་ཀྱང་ད་ཆ་རྒྱ་ནག་དཔོན་རིགས་ཚོས་བོད་ཀྱི་ལོ་གསར་སྲུང་བརྩི་བྱེད་དགོས་པའི་ཀུན་སློང་སྣ་ཚོགས་སྤེལ་གྱི་ཡོད་པ་མ་ཟད་ལོ་གསར་གྱི་དགའ་སྟོན་ཆེད་གཞས་དང་ཞབས་བྲོ་འཁྲབ་སྟོན་སྦྱོང་བརྡར་བྱེད་མཁན་དང་ལོ་གསར་སྲུང་བརྩིའི་ཆེད་དུ་འགྲོ་སོང་ཡང་གཞུང་ནས་གཏོང་རྒྱུའི་ཁས་ལེན་ཡང་བྱེད་ཀྱི་ཡོད་པ་རེད།