རྒྱ་གཞུང་དང་ལྟ་སྤྱོད་མི་མཐུན་པ་སྨྱོན་པའི་སྨན་ཁང་ནང་དོ་དམ།

རྒྱ་ནག་གཞུང་དང་ལྟ་སྤྱོད་མི་མཐུན་པའི་མི་སྣ་གྲགས་ཅན་ཧོ་ཅན་རྒྱ་ནག་གཞུང་གིས་སྨྱོན་པའི་སྨན་ཁང་ནང་དོ་དམ་བྱེད་བཞིན་པ་རེད།

2010.02.10

༄༅༎རྒྱ་ནག་གཞུང་དང་ལྟ་སྤྱོད་མི་མཐུན་པའི་མི་སྣ་གྲགས་ཅན་ཧོ་ཅན་གྱིས་༢༠༠༨ལོའི་རྩ་འཛིན་ཡིག་ཆ་ཞེས་པར་ས་རྟགས་བཀོད་དེ་རྒྱ་ནག་ནང་ཆབ་སྲིད་བཅོས་བསྒྱུར་གཏོང་དགོས་པའི་ནན་སྐུལ་གནང་བར་བརྟེན་རྒྱ་ནག་གཞུང་གིས་ཁོང་སྨྱོན་པའི་སྨན་ཁང་ནང་དོ་དམ་བྱེད་བཞིན་པ་རེད།

ཧོ་ཅན་གྱིས་རྒྱ་ནག་གཞུང་གིས་གནས་འཕྲིན་དྲ་རྒྱར་དམ་བསྒྲགས་ཅི་ཆེ་བྱེད་བཞིན་པར་ལྟོས་མེད་ཀྱིས་༢༠༠༨་ལོའི་རྩ་འཛིན་ཡིག་ཆ་དང་། རྩ་འཛིན་ཡིག་ཆ་ཟིན་བྲིས་འགོད་མཁན་ལི་ཞའོ་པོ་ལ་རྒྱབ་སྐྱོར་གནས་འཕྲིན་གང་ཐུབ་སྤེལ་ཡོད་པ་རེད། སྔར་ལོ་ཕྱི་ཟླ་༡༢་པའི་ནང་སྐུ་ཞབས་ལི་ཞའོ་པོ་ཡིས་རྩ་འཛིན་ཡིག་ཆ་ཟིན་བྲིས་བཀོད་པར་རྒྱ་ནག་གཞུང་གིས་ལོ་ངོ་བཅུ་གཅིག་བཙོན་འཇུག་ཁྲིམས་བཅད་བཏང་འདུག    ༢༠༠༨་ལོའི་རྩ་འཛིན་ཡིག་ཆའི་དོན་སྙིང་ནི།

རྒྱ་ནག་ནང་གཞི་རིམ་འགྲོ་བ་མིའི་ཐོབ་ཐང་འགན་སྲུང་ཐུབ་པའི་རྩ་ཁྲིམས་གསར་བཟོ་དང་མང་གཙོའི་ལམ་སྲོལ་ལྟར་འོས་བསྡུའི་ལམ་ནས་འགོ་ཁྲིད་འདེམས་བསྐོ། དེ་བཞིན་ཆོས་དད་རང་དབང་དང་།    སྨྲ་བརྗོད་རང་དབང་སོགས་ཀྱི་གཞི་རིམ་ཐོབ་ཐང་རྣམས་རྒྱ་ནག་མི་མང་ལ་སྤྲོད་དགོས་པའི་དགོས་འདུན་བཏོན་ཡོད་པ་རེད།   

རྩ་འཛིན་ཡིག་ཆ་དེར་མི་མང་ཆིག་ཁྲི་བརྒལ་བའི་ས་རྟགས་བཀོད་ཡོད་པ་དང་། ལྷག་པར་རྒྱ་ནག་ནང་མཁས་དབང་མང་པོ་གཙོ་འགྱུར་གྱིས་མི་མང་སུམ་བརྒྱ་བརྒལ་བས་ས་རྟགས་བཀོད་ཡོད་པ་རེད། ཕྱི་ལོ་༢༠༠༨་ལོའི་རྩ་འཛིན་ཡིག་ཆ་དེར་རྒྱ་ནག་གཞུང་གིས་མི་འདོད་པའི་རྣམ་འགྱུར་ཤུགས་ཆེ་འདོན་བཞིན་པ་དང༌། ཁ་ས་རྒྱ་ནག་གཞུང་གིས་ཕྱི་སྲིད་ལས་ཁང་གིས་རྒྱ་ནག་གཞུང་དང་ལྟ་སྤྱོད་མི་མཐུན་པའི་མི་སྣ་གྲགས་ཅན་སྐུ་ཞབས་ལི་ཤའོ་ཕུའུ་ལ་འཛམ་གླིང་ཞི་བདེའི་ནོ་སྦེལ་གཟེངས་རྟགས་འབུལ་བཞེས་གནང་ན། དེ་ནི་ནོར་འཁྲུལ་ཚབས་ཆེན་ཞིག་ཡིན་པ་མངོན་པར་གསལ་བ་ཡིན་ལུགས་ཀྱི་ཉེན་བརྡ་བཏང་འདུག    འོན་ཀྱང་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་རྟེན་གཞི་བྱས་པའི་པེན་ཨ་མེ་རི་ཁེན་སེན་ཀྲར་(PEN American Center)ཞེས་པའི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་ཞིག་གིས་སྐུ་ཞབས་ལི་ཤའོ་ཕུའུ་འདི་ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱི་འོས་མིར་ཐོ་འབུལ་གནང་ཡོད་པ་རེད།   

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎