རྒྱ་མི་གསུམ་ལ་མེ་མདའ་བརྒྱབ་ནས་རྐྱེན་ལམ་དུ་བཏང་བ།

རྒྱ་ནག་ཀན་སུ་ཞིང་ཆེན་ནང་རྒྱ་མི་གསུམ་རྐྱེན་ལམ་དུ་བཏང་ཡོད་པ་དང་བརྒྱད་རྨས་སྐྱོན་ཕོག་ཡོད་པའི་གནས་ཚུལ།

2012.02.05

༄༅༎རྒྱ་ནག་གི་ལྷོ་ནུབ་ཀན་སུའུ་ཞིང་ཆེན་ནང་དུ་མེ་མདའ་རྒྱབ་ཏེ་མི་གསུམ་རྐྱེན་ལམ་དུ་བཏང་བ་དང་མི་བརྒྱད་རྨས་སྐྱོན་འཕོག་ཡོད་པ་རེད།
དེ་རིང་རེས་གཟའ་ཉི་མའི་ཉིན་ཤིང་ཧྰ་གསར་ཤོག་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། དེ་རིང་ཀན་སུའུ་ཞིང་ཆེན་གྱི་གྲོང་གསེབ་ས་ཁུལ་ཞིག་ནང་མེ་འཕེན་འོག་མི་གསུམ་བསད་པ་དང་།མི་བརྒྱད་ལ་རྨས་སྐྱོན་ཕོག་ཡོད་བཀོད་ཡོད་ཅིང༌། འོན་ཀྱང་ད་ལྟའི་འཆར་མེ་མདའ་རྒྱབ་མཁན་གྱི་མི་དེ་སུ་ཡིན་རྩད་གཅོད་ཐུབ་མེད་ཀྱང་མེ་འཕེན་གྱི་དོན་རྐྱེན་བྱུང་ཡུལ་ས་གནས་གཞུང་དང་ཞིང་ཆེན་གྱི་ཉེན་རྟོག་པས། མེ་འཕེན་བྱེད་མཁན་དེ་སྐྱེས་པ་ཞིག་ཡིན་པ་དང༌། ལོ་ཡང་ཕལ་ཆེར་གསུམ་ཅུ་སོ་གྲངས་ནང་ཡིན་པ། མེ་མདའ་ཐུང་རྡ་སྤུས་ཀ་ལེགས་པོ་ཞིག་བེད་སྤྱོད་བཏང་ཡོད་པ། མེ་མདའ་རྒྱབ་ཡུལ་གྱི་ས་གནས་ནི་དེ་རིང་སྔ་དྲོའི་ཚོུད་༡༠ ཙམ་ལ་ཀན་སུའུ་ཞིང་ཆེན་གྱི་ཧུའེ་ནིང་ས་གནས་ཀྱི་ཏང་ཤན་གྲོང་གསེབ་ནང་བྱུང་བ་ཡིན་པ་བཤད་ཡོད་པ་རེད།
ས་གནས་ཉེན་རྟོགས་པས། རྨས་སྐྱོན་ཕོག་པ་རྣམས་སྨན་ཁང་མྱུར་སྐྱོབ་བྱེད་བཞིན་ཡོད་པའི་སྐོར་བཤད་ཡོད་པ་ལས། ཁོང་ཚོའི་གནས་སྟངས་ཞིབ་ཕྲ་འགྲེལ་བརྗོད་བྱས་མེད་པ་་དང༌། ཉེན་རྟོག་པས་མེ་འཕེན་བྱེད་མཁན་དོགས་གཞི་ཡོད་པའི་མི་དེ་རྩད་གཅོད་བྱེད་བཞིན་པ་དང༌། དོན་རྐྱེན་དེར་ཞིབ་འཇུག་བྱེད་སྒོ་བཙུགས་ཡོད་པའི་སྐོར་བཤད་ཡོད་པ་རེད། རྒྱ་ནག་ནང་གཞུང་གིས་མི་དམངས་ཀྱི་ས་ཁང་བཙོན་འཕྲོག་བྱས་པའི་ཐད་མི་དམངས་ཀྱིས་གཞུང་ལ་ཁོང་ཁྲོ་བྱས་ཏེ་ཁོང་ཁྲོའི་རྣམ་པ་དེ་སྤྱི་ཚོགས་ཐོག་ལ་སྟོན་ཏེ་མི་དམངས་ལ་དཀའ་ངལ་བཟོ་བ་མ་ཟད། ཁག་ཅིག་གིས་གཞུང་ལ་ཁ་གཏད་བཅོག་ཐབས་མེད་པར་བརྟེན་ནས་རང་ཤི་བརྒྱབ་པའི་གནས་ཚུལ་རིམ་པ་བྱུང་ཡོད་པ་དང༌། ད་རེས་མེ་འཕེན་གྱི་དོན་རྐྱེན་དེ་ཡང་རྒྱུ་རྐྱེན་ཇི་ཡིན་ཉེན་རྟོག་པ་དང་ས་གནས་གཞུང་གིས་ཁ་གསལ་ཤོད་ཀྱི་མེད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎