ཨ་རིའི་གནད་ཡོད་དཔོན་རིགས་ལ་ཉེན་བརྡ།

༧གོང་ས་མཆོག་ལ་ཨ་རིའི་གཞུང་གི་གནད་ཡོད་དཔོན་རེགས་ཚོས་མཇལ་འཕྲད་ཞུས་ན་འགྲིགས་ཀྱི་མེད་ལུགས་རྒྱ་ནག་གིས་ཉེན་བརྡ་བཏང་བ།

2011.07.07

༄༅༎༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་རིའི་གཞུང་གི་གནད་ཡོད་དཔོན་རེིགས་ཚོས་མཇལ་འཕྲད་ཞུས་ན་འགྲིགས་ཀྱི་མེད་ལུགས་ཉེན་བརྡ་བཏང་ཡོད་པའི་གནས་ཚུལ་ཐོན་འདུག

ད་རིང་རེས་གཟའ་ཕུར་བུའི་འཆར་ཅན་གྱི་གསར་འགོད་ལྷན་ཚོགས་ཐོག་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཧོང་ ལེས། ཏཱ་ལའི་བླ་མས་རྒྱལ་ཁབ་ཁ་བྲལ་གཏོང་རྒྱུའི་ལས་དོན་སྤེལ་རྒྱུར་དགག་ཆ་ཡོད་པ་ཙམ་མ་ཟད་ཕྱིའི་རྒྱལ་ཁབ་དང་ཆབ་སྲིད་མི་སྣ་ཚོས་ཏཱ་ལའི་བླ་མའི་ལས་འགུལ་སྤེལ་ཕྱོགས་ལ་རྒྱབ་སྐྱོར་བྱེད་རྒྱུ་དེར་ཡང་ངོ་རྒོལ་ཡོད། དེ་འདྲ་ཡིན་དུས་ཨ་མི་རི་ཀའི་ངོས་ནས་ཀྱང་བོད་ཀྱི་གནད་དོན་ཐོག་ལངས་ཕྱོགས་འཛིན་ཕྱོགས་ལ་དེ་སྔ་ཁས་ལེན་བྱས་པ་རྣམས་ཀྱི་ཐོག་དམ་འཛིན་བྱེད་པའི་རེ་བ་ཡོད་ལ་དེར་གཞིགས་པས་འགྲོ་དགོས་རྒྱུ་གལ་ཆེན་པོ་མཐོང་གི་ཡོད་ཅེས་གསར་འགོད་པའི་འདྲི་བར་ལན་རྒྱབ་ཡོད་པ་སོགས་རྒྱ་ནག་གཞུང་ནས་བོད་ཀྱི་གནད་དོན་ཐོག་ཕྱིའི་རྒྱལ་ཁབ་ཁག་ནས་སྲིད་བྱུས་འཛིན་སྟངས་ཐོག་སྟངས་འཛིན་བྱེད་ཀྱི་ཡོད་པའི་རྣམ་པ་གསལ་པོ་བཏོན་ཡོད་པ་རེད།

རྩ་བའི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱི་རྒྱལ་ཡུལ་གྲུ་གང་དུ་ཆིབས་བསྒྱུར་གནང་ཡང་ཐོག་མཐའ་བར་གསུམ་དུ་རྒྱ་ནག་གཞུང་ནས་འཚམས་འདྲི་གནང་ཡུལ་གྱི་ཡུལ་གྲུ་དེ་དག་གི་ཐོག་དངོས་ཤུགས་བརྒྱུད་གསུམ་ནས་གནོན་ཤུགས་སྤྲད་དང་སྤྲོད་བཞིན་ཡོད་རེད་ལ་རྒྱ་ནག་ལ་དཔལ་འབྱོར་དང་ཚོང་འབྲེལ་གྱི་གནད་དོན་ཐོག་ནས་བསྟུན་མཁས་བྱེད་དགོས་པ་ཞིག་ཀྱང་ཆགས་ཀྱི་ཡོད་པའི་དཔྱད་ཞིབ་བྱེད་ཀྱི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎