ཨ་རི་གཞུང་གིས་ཐེའི་དབན་གྱི་སྲུང་སྐྱོབ་མུ་མཐུད་གནང་འཆར།
2009.03.25
༄༅༎རེས་གཟའ་མིག་དམར་ཉིན་ཨ་མི་རི་ཀའི་གྲོས་ཚོགས་ཀྱིས་དེ་སྔ་ལོ་ངོ་སུམ་བཅུ་གོང་ཨ་རིའི་གྲོས་ཚོགས་ཀྱིས་ཐེ་ལྦན་སྲུང་སྐྱོབ་ཆེད་བཞག་པའི་གྲོས་ཆོད་ལ་རྒྱབ་སྐྱོར་གྱིས་ཨ་རིའི་གྲོས་ཚོགས་ཀྱིས་ཐེ་ལྦན་སྲུང་སྐྱོབ་ཀྱི་ཆེད་རྒྱབ་སྐྱོར་ཞུ་རྒྱུའི་སྲིད་བྱུས་ལ་འགྱུར་བ་མེད་པ་ནན་བརྗོད་ཀྱི་གྲོས་ཆོད་འཕར་མ་ཞིག་བཞག་ཡོད་པ་དེར་ལན་འདེབས་སུ་རྒྱ་ནག་གཞུང་གིས་ཨ་མི་རི་ཀའི་གཞུང་ལ་ཐེ་ལྦན་འདི་རྒྱ་ནག་གི་ཆ་ཤས་ཡིན་པ་ངོས་ལེན་གནང་དགོས་པའི་དགོས་འདུན་བཏོན་ཡོད་འདུག
དེ་ཡང་རྒྱ་ནག་གཞུང་གིས་ཐེ་ལྦན་འབྲེལ་འཐུད་ལྷན་ཁང་གི་མགྲིན་ཚབ་མ་ཕྷན་ལི་ཆིང་ཡིས་ང་ཚོས་ཨ་རིའི་གཞུང་ལ་རྒྱ་ནག་གཅིག་གི་སྲིད་བྱུས་ལ་རྩ་འཛིན་བྱ་དགོས་པ་དང་རྒྱ་ནག་གཅིག་ལས་མེད་པ་དང་ཐེ་ལྦན་དེ་རྒྱ་ནག་གི་ཆ་ཤས་རེད་ཅེས་བརྗོད་ཡོད་པ་རེད།
ཨ་མི་རི་ཀའི་གྲོས་ཚོགས་ཀྱིས་དེ་སྔ་ལོ་ངོ་སུམ་བཅུ་གོང་ཐེ་ལྦན་རི་ལེན་ཤིན་སི་ཨེཀཊི་ཞེས་པའི་ཁྲིམས་གཞི་གཏན་བེབས་ཀྱི་གྲོས་ཆོད་བཞག་པའི་ཉིན་མོར་དྲན་གསོ་བརྒྱུད་གྲོས་ཚོགས་ཀྱིས་ཁ་ས་སླར་ཡང་ཐེ་ལྦན་གྱི་སྲུང་སྐྱོབ་ཀྱི་གནད་དོན་ལ་ཨ་རིའི་གཞུང་གིས་དམག་དོན་གོ་ཆས་མཚོན་དགོས་མཁོའི་རོགས་སྐྱོར་གང་དགོས་གནང་རྒྱུའི་ཆོད་སེམས་ལ་འགྱུར་བ་མེད་པར་རོགས་སྐྱོར་མུ་མཐུད་རྒྱུན་ཁྱོངས་གནང་རྒྱུ་ནན་བརྗོད་ཀྱིས་གྲོས་ཆོད་ཕར་མ་ཞིག་བཞག་ཡོད་པ་རེད།