བོད་ནང་དགེ་འདུན་པར་མཐུན་འགྱུར་སྤྲོད་རྒྱུའི་གཏམ་བཤད།

དགེ་འདུན་པ་ཚོ་རང་ཁ་རང་གསོ་ཡོང་ཐབས་སུ་དམིགས་ནས་གཞུང་ནས་འཚོ་སྣོན་དང་འཕྲོད་བསྟེན་སོགས་ཀྱི་མཐུན་འགྱུར་སྤྲོད་རྒྱུ་ཡིན་ལུགས།

2011.11.15

༄༅༎བོད་ནང་གི་དགོན་སྡེ་ཁག་གི་དགེ་འདུན་པ་ཚོ་རང་ཁ་རང་གསོ་ཡོང་ཐབས་སུ་དམིགས་ནས་གཞུང་ནས་འཚོ་སྣོན་དང་། འཕྲོད་བསྟེན་སོགས་ཀྱི་མཐུན་འགྱུར་སྤྲོད་རྒྱུ་ཡིན་ལུགས་གཏམ་བཤད་སྤེལ་ཡོད་འདུག
བྷི་བྷི་སི་གསར་འགྱུར་བརྒྱུད་ལམ་ནང་གནས་ཚུལ་སྤེལ་བར་ལྟར་ན། ཉེ་ཆར་གསར་དུ་བསྐོ་བཞག་བྱས་པའི་བོད་རང་སྐྱོང་ལྗོངས་ཀྱི་གུང་བྲན་ཚོགས་པའི་སྤྱི་ཁྱབ་ཁྲེང་ཆན་གའོས། བོད་ས་ཡོངས་ཀྱི་དགོན་སྡེ་ཁག་གི་དགེ་འདུན་པ་དང་། བཙུན་མ་ཚོའི་ཉིན་རེའི་འཚོ་བའི་རྟེན་གཞི་ཡར་རྒྱས་གཏོང་རྒྱུར་ཆུ་གློག་དང་། འགྲིམས་འགྲུལ། བརྙན་འཕྲིན་དང་། རླུང་འཕྲིན་སོགས་ཀྱི་མཐུན་འགྱུར་ཡག་ཏུ་གཏོང་རྒྱུ་ཙམ་མ་ཡིན་པར་ཁོང་ཚོར་ཟླ་རེའི་འཚོ་དོད་དང་། སྨན་བཅོས་ཀྱི་མཐུན་རྐྱེན་སྦྱོར་སྤྲོད་བྱས་ནས་རྒྱུན་གཏན་བཞིན་མང་ཚོགས་ཀྱི་ཞལ་འདེབས་གཅིག་པུར་བརྟེན་མི་དགོས་པ་ཞིག་བཟོ་ཐབས་བྱེད་རྒྱུ་ཡིན་ཞེས་གཏམ་བཤད་སྤེལ་ཡོད་པའི་སྐོར་ལུང་འདྲེན་བྱས་འདུག གཏམ་བཤད་ནང་མུ་མཐུད་ནས། དབུས་གཞུང་ནས་བོད་ས་ཡོངས་ཀྱི་གནས་སྟངས་ཡར་རྒྱས་གཏོང་ཐབས་སུ་དམིགས་ནས་སྲིད་བྱུས་གསར་པའི་ནང་། དྲོ་ལར་ས་ཡ་དྲུག་བཅུ་ཙམ་འགྲོ་གྲོན་གཏོང་རྒྱུ་དང་། དེའི་ནང་ཞིང་པ་ཚོར་ཞིང་ཆུ་འདྲེན་རྒྱུ་དང་། ཆུ་མཛོད་ཁང་གསར་རྒྱག་བྱེད་རྒྱུ། དེ་བཞིན་བོད་སྐད་ཐོག་ནས་དེབ་དང་། དུས་དེབ། བརྙན་འཕྲིན་བརྒྱུད་ལམ་ནས་ལས་རིམ་གསར་གཏོད་བྱེད་རྒྱུ་སོགས་ལའང་འགྲོ་སོང་གཏོང་རྒྱུ་ཡིན་ལུགས་བཀོད་ནས་གང་ལྟར་བོད་ནང་གི་བོད་མི་ཚོའི་འཚོ་བའི་རྟེན་གཞི་ཡར་རྒྱས་གཏོང་རྒྱུའི་རྒྱ་ནག་གཞུང་ནས་འགྲོ་གྲོན་སྒོར་ཁྲི་ཕྲག་མང་པོ་གཏོང་རྩིས་བྱེད་བཞིན་ཡོད་ལུགས་གཏམ་བཤད་སྤེལ་ཡོད་པ་རེད།
ཡིན་ནའང་འདས་པའི་ཟླ་བ་འགའ་ཤས་ནང་། བོད་ནང་དགེ་འདུན་པ་དང་། བཙུན་མ། སྐྱ་བོ་བཅས་ཁྱོན་བསྡོམས་མི་གྲངས་བཅུ་གཅིག་ཙམ་ནས་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་བྱུང་ཡོད་པ་དང་། ཉེ་ཆར་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་མཆོག་གིས་ཀྱང་རྒྱ་ནག་གཞུང་ནས་བོད་ནང་མུ་མཐུད་ནས་བཙན་འཛུལ་བྱེད་བཞིན་པ་དེས་གནས་སྟངས་འདི་འདྲ་ཞིག་གྱུར་ཡོད་རེད་ཅེས་གསུངས་ཡོད་པའི་སྐོར་ཡང་གོང་ཞུས་གནས་ཚུལ་ནང་ལུང་གྲངས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎