གསེར་རྟ་ནང་བསྟན་སློབ་གླིང་རྒྱ་ཆུང་དུ་གཏོང་དགོས་པའི་བཀའ་རྒྱ།


2016.06.06
གསེར་རྟ་ནང་བསྟན་སློབ་གླིང་རྒྱ་ཆུང་དུ་གཏོང་དགོས་པའི་བཀའ་རྒྱ། བོད་ཀྱི་དཀར་མཛེས་ཁུལ་གྱི་གསེར་རྟ་རྗོང་གི་ཁྱབ་ཁུངས་སུ་ཡོད་པའི་གསེར་རྟ་ནང་བསྟན་སློབ་གླིང་གི་གྲ་ཁང་༡༥༠༠བཤིག་རྒྱུ་དང་མི་གྲངས་༥༠༠༠ལ་ཚོད་འཛིན་ལག་བསྟར་བྱེད་རྒྱུན་ཡིན་པ།
ཕལི་ཀར།

༄༅།།བོད་ཀྱི་དཀར་མཛེས་ཁུལ་གྱི་གསེར་རྟ་རྗོང་གི་ཁྱབ་ཁུངས་སུ་ཡོད་པའི་གསེར་རྟ་ནང་བསྟན་སློབ་གླིང་གི་གྲ་ཁང་༡༥༠༠་འདི་ལོའི་ཕྱི་ཟླ་བཅུ་པའི་ཚེས་༣༠་ནང་ཚུད་དུ་བཤིག་རྒྱུ་ཡིན་པ་དང་མི་གྲངས་་༥༠༠༠་ལ་ཚོད་འཛིན་ལག་བསྟར་བྱེད་རྒྱུ་ཡིན་པའི་གནས་ཚུལ་ཤེས་རྟོགས་བྱུང་འདུག  འདི་ག་རླུང་འཕྲིན་ཁང་ནས་ཡིག་ངག་གཉིས་ཀྱི་བརྒྱུད་ནས་གནས་ཚུལ་ཤེས་རྟོགས་བྱུང་དོན་ལྟར་ན།  རྒྱ་ནག་གི་སྐབས་༦་པའི་བོད་ཁུལ་ལས་སྒྲུབ་གྲོས་མོལ་ཚོགས་འདུ་དང་རྒྱལ་ཡོངས་ཆོས་ལུགས་ལས་དོན་ཚོགས་འདུ་གཉིས་ཀྱི་ཐོག་ནས་གཏན་འདེབས་བྱུང་བ་ལྟར། བླ་རུང་ཆོས་སྒར་གྱི་མི་གྲངས་ཚོད་འཛིན་དེ་ཕྱི་ལོ་༢༠༡༧་ཟླ་བ་དགུ་པའི་ཚེས་༣༠་ནང་ཚུད་ལ་༥༠༠༠་ལ་གཏན་འབེབས་དགོས་པ་དང་།  འདི་ལོ་ཁོ་ནའི་ནང་གྲ་བཙུན་༡༢༠༠་ཕྱིར་འབུད་གཏོང་རྒྱུ་དང་ གྲ་ཁང་༡༥༠༠་ཙམ་འདི་ལོའི་ཕྱི་ཟླ་བཅུ་པའི་ཚེས་་༣༠་ནང་དུ་གཏོར་བཤིག་འགྲུབ་དགོས་པའི་སྐོར་བཀའ་བཏང་ཡོད་པ་རེད་འདུག  རྒྱ་ནག་གི་འཆར་གཞི་འདི་དཀར་མཛེས་འཐབ་ཕྱོགས་གཅིག་གྱུར་ཁང་དང་ཁུལ་མི་རིགས་ཆོས་ལུགས་ལས་དོན་ཁང་། ཁུལ་སློབ་གསོ་ཁང་། ཁུལ་ཉེན་རྟོག་ལས་ཁུངས་ཁུལ།  གྲོང་སྡེ་འཛུགས་བསྐྲུན་ལས་ཁུངས།  གསེར་རྟ་རྗོང་སྲིད་གཞུང་དང་བླ་རུང་སྒར་གྱི་འབྲེལ་ཡོད་མི་སྣ་བཅས་ཀྱི་མཉམ་འབྲེལ་འགན་ལེན་བྱས་ནས་མི་གྲངས་གྱི་ཚོད་འཛིན་དུས་བཀག་ཕྱི་ལོ་་༢༠༡༧་ཕྱི་ཟླ་དགུ་པའི་ཚེས་་༣༠་ནང་དུ་ཚར་བ་དགོས་ཀྱི་ཡོད་པའི་བཀའ་བཏང་ཡོད་པ་རེད་འདུག འདི་ལོའི་ཕྱི་འབུད་བྱེད་རྒྱུའི་མི་གྲངས་༡༢༠༠་ནང་དུ་རྒྱ་ནག་གི་ཞིང་ཆེན་གཞན་ནས་ཡོང་བའི་མི་གྲངས་༦༠༠་ཡོད་པ་དང་། གྲ་ཁང་༡༥༠༠་གཏོར་བཤིག་བྱེད་རྒྱུ་དེ་དག་ཕྱིར་འབུད་བྱས་ཟིན་པའི་གྲ་བཙུན་གྱི་ཁང་པ་དང་། སྒྲིག་འགལ་གྱིས་གསར་རྒྱག་བྱས་པ་སོགས་ཡིན་པ་རྒྱ་ནག་གི་ཡིག་ཆ་དེའི་བཀོད་ཡོད་པ་རེད་འདུག  ཕྱི་ལོ་༢༠༡༦་གཅིག་པུའི་ནང་མི་གྲངས་་༢༢༠༠་ཕྱིར་འབུད་བྱེད་དགོས་པ་དང་དེའི་གྲས་སུ་དགེ་བསྙེན་མི་གྲངས་་༡༠༢༩་ཐེ་ཡོད་པའི་སྐོར་དང་།  གལ་ཏེ་རྒྱ་ནག་གི་འཆར་གཞི་ལྟར་མི་གྲངས་ཀྱི་ཚོད་འཛིན་༥༠༠༠་དུ་ལག་བསྟར་བྱས་མི་ཐུབ་པ་བྱུང་ཚེ་ཕྱི་ལོ་་༢༠༡༧་ལོའི་ཕྱིར་འབུད་གྱི་གྲངས་ཚད་དེ་ཇེ་མང་དུ་གཏོང་རྒྱུ་ཡིན་པའི་ཉེན་བརྡ་ཀྱང་བཏང་ཡོད་པ་རེད་འདུག།  
གསར་འགོད་པ་ཀརྨ་རྡོ་རྗེ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎