རྒྱ་ནག་མཐོ་སློབ་ཡིག་རྒྱུགས་གཏོང་མཁན་ལ་སྲུང་སྐྱོབ་གནང་རྒྱུ།

རྒྱ་ནག་མཐོ་སློབ་འཛུལ་ཞུགས་ཀྱི་ཡིག་རྒྱུགས་གཏོང་བར་བསྐྱོད་མཁན་སློབ་ཕྲུག་གི་སྲུང་སྐྱོབ་ཆེད་དུ་ཉེན་སྲུང་གི་ལས་དོན་དམ་བསྒྲགས་བྱ་རྒྱུ།

2010.06.06

༄༅༎ཉེ་ཆར་རྒྱ་ནག་ནང་སློབ་ཕྲུག་གི་ཐོག་ལ་དྲག་པོའི་རྒོལ་རྡུང་བཏང་བའི་དོན་རྐྱེན་རིམ་པ་ཐོན་པར་བརྟེན་ནས་རྒྱ་ནག་གཞུང་གིས་རྒྱ་ནག་ནང་དུ་མཐོ་རིམ་སློབ་གྲ་འཛུལ་ཞུགས་ཀྱི་ཡིག་རྒྱུགས་གཏོང་བར་བསྐྱོད་མཁན་སློབ་ཕྲུག་གི་སྲུང་སྐྱོབ་ཆེད་དུ་ཉེན་སྲུང་གི་ལས་དོན་དམ་བསྒྲགས་བྱ་རྒྱུ་ཡིན་པ་རེད།

དེ་ཡང་རེས་གཟའ་ཉི་མའི་ཉིན་རྒྱ་ནག་གི་ཤེས་ཡོན་ལྷན་ཁང་གི་ཁྱབ་ཁོངས་ཡིག་རྒྱུགས་ལས་ཁུངས་ཀྱི་འགན་འཛིན་གཞོན་པ་ལིའུ་ཅན་དབྱི་ ཡིས་བཤད་དོན། རྒྱ་ནག་རྒྱལ་ཡོངས་སུ་མཐོ་རིམ་སློབ་གྲ་འཛུལ་ཞུགས་ཀྱི་ཡིག་རྒྱུགས་ཆེན་མོ་རེས་གཟའ་ཟླ་བ་ནས་འགོ་བཙུགས་ཀྱི་ཡོད་པ་དང༌། མཐོ་རིམ་སློབ་གཉེར་ཁང་གི་འཛུལ་ཞུགས་ཡིག་རྒྱུགས་དེ་ནི་སློབ་ཕྲུག་ཚོའི་མ་འོངས་པའི་མི་ཚེའི་མདུན་ལམ་འཚོལ་ཐབས་ཀྱི་གལ་འགངས་ཆེན་པོ་ཡིན་པར་བརྟེན་ཡིག་རྒྱུགས་ལ་ཕྱིའི་འགོག་རྐྱེན་མི་ཡོང་བའི་ཆེད་དུ་འབྲེལ་ཡོད་ཚན་པ་ཁག་དང་ས་གནས་གཞུང་སོ་སོའི་ཐོག་ནས་ཡིག་རྒྱུགས་ཆེན་མོའི་དུས་ཡུན་རིང་ལ་ཛ་དྲག་གི་ཉེན་སྐྱོན་འདྲ་བྱུང་བ་ཡིན་ཚེ་དེར་ཁ་གཏད་གདོང་ལེན་བྱེད་ཆོག་གི་གྲ་སྒྲིག་ཨང་སར་ཡོད་ལུགས་གསུངས་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎