བོད་ནང་སྔར་བས་དམ་བསྒྲགས་ཆེ་རུ་འགྲོ་བཞིན་པའི་སྐོར།
2011.11.18
༄༅༎རྒྱ་ནག་གཞུང་གིས་གདན་ས་ཆེན་པོ་སེ་འབྲས་དགའ་གསུམ་གྱི་གཙོས་བོད་ཀྱི་རྒྱལ་ས་ལྷ་སའི་ཁུལ་གྱི་དགོན་སྡེ་གྲྭ་ཚང་ཁག་ལ་ ལས་དོན་རུ་ཁག་ཕོན་ཆེ་བཀོད་སྒྲིག་གིས་ ཆོས་བྱེད་གྲྭ་བཙུན་ཚོར་ཆབ་སྲིད་ཀྱི་དྲག་གནོན་ཤུགས་ཆེ་བྱེད་པ་ཙམ་དུ་མ་ཟད་ད་ཆ་དགོན་པའི་དཔལ་འབྱོར་གྱི་ཡོང་སྒོར་ཡང་ཐེ་གཏོགས་ཀྱིས་ གྲྭ་བཙུན་ཚོའི་འཚོ་བར་དཀའ་ངལ་ཆེན་པོ་བཟོ་འགོ་ཚུཌ་བཞིན་ཡོད་པའི་སྐོར་ བོད་ནས་འབྲེལ་ཡོད་མི་སྣས་ དེ་ག་རླུང་འཕྲིན་ཁང་ལ་གནས་ཚུལ་ངོ་སྤྲོད་གནང་གི་ཡོད་པ་རེད་ དེ་ཡང་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ལ་འཕོ་འགྱུར་བཏང་བའི་སྐབས་བོད་ནང་བོད་མི་མང་པོ་ཞིག་གི་འཆར་སྣང་ལ་གནས་སྟངས་ཅུང་བཟང་དུ་འགྲོ་རྒྱུའི་རེ་བ་བྱུང་ཡང་ དོན་དངོས་ལ་རྒྱ་ནག་གཞུང་གི་སྲིད་བྱུས་ལ་འགྱུར་བ་འགྲོ་རྒྱུའི་ཚབ་བོད་ནང་དྲག་གནོན་གྱི་སྲིད་བྱུས་འདི་ཛ་དྲག་ཆེ་རུ་འགྲོ་ཡི་ཡོད་པ་དང་ དམིགས་བསལ་ཆོས་བྱེད་དགེ་འདུན་པར་ཚོར་དེ་སྔ་མེད་པའི་དམ་བསྒྲཌ་དང་དྲག་གནོན་མྱོང་དགོས་འགྱུར་བཞིན་ཡོད་སྐོར་ངོ་སྤྲོད་གནང་གི་ཡོད་པ་རེད་