རྒྱ་གཞུང་གིས་འཁྲུངས་སྐར་ལ་དམིཊ་ནས་བོད་ནང་དྲ་ལམ་བཀག་འགོག
2014.07.05

རྒྱ་ནག་གཞུང་གིས་བོད་ནང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་དང་དུས་འཁོར་དབང་ཆེན་སོཌ་ལ་དམིཌ་ནས་དྲ་ལམ་བཀག་འགོག་བྱས་པ་དང་། བོད་མི་རྣམས་འདུ་འཛོམས་ཀྱིས་དགའ་སྤྲོའི་རྣམ་འགྱུར་བཏོན་མི་ཆོག་པའི་དམ་བསྒྲཌ་ཤུཌ་ཆེ་བྱེད་བཞིན་ཡོད་པ་རེད་འདུག
དེའང་ཕྱི་ཟླ་བདུན་པའི་ཚེས་༦་ཉིན་དེ་ནི་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་ཡིན་ཞིང་། ལོ་ལྟར་སྐུའི་འཁྲུངས་སྐར་དུས་ཆེན་གྱི་ཉིན་མོ་དེར་། བོད་ནང་གི་བོད་མི་མང་པོས་རྒྱ་གཞུང་གིས་དམ་བསྒྲཌ་ཆེན་པོ་བྱེད་མིན་ལ་མ་ལྟོས་པར་། ས་གནས་མང་པོ་ཞིག་གི་ནང་སྐུའི་འཁྲུངས་སྐར་དུས་ཆེན་ཉིན་ལྷ་བསངས་བཏང་བ་དང་། རླུང་དར་དང་དར་ཕྱོགས་བཙུཌ་པ། དེ་བཞིན་དགོན་སྡེ་གྲ་ཚང་ཁག་ནང་ཚོཌ་འཚོཌ་པ་དང་། ཉ་གཙོས་པའི་སེམས་ཅན་རིགས་ཀྱི་སྲོག་ཚེ་ཐར་བཏང་བ་། དམར་ཟས་སྤང་ནས་དཀར་ཟས་བཟའ་རྒྱུ་སོཌ་ཆོས་ཕྱོཌ་ཀྱི་བྱེད་སྒོ་སྣ་ཚོགས་ཤིག་སྤེལ་ཏེ་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་གཟབ་རྒྱས་ཞུ་གི་ཡོད་ལ། ཡིན་ན་ཡང་ད་ལོ་༧མགོན་པོ་གང་ཉིད་ཀྱི་སྐུའི་འཁྲུངས་སྐར་དང་དེང་སྐབས་ལ་དྭགས་ནང་༧གོང་ས་མཆོག་གིས་དུས་འཁོར་དབང་ཆེན་ཐེངས་༣༣་པ་བསྩལ་གནང་མཛད་བཞིན་པ་སོཌ་རྒྱུ་མཚན་མང་པོར་བརྟེན་ཏེ། རྒྱ་ནག་གཞུང་གིས་ད་ཆ་བོད་ཁམས་དཀར་མཛེས་ཁུལ་དུ་གློག་འཕྲིན་ཐོག་འབྲེལ་ལམ་བྱ་སའི་དྲ་རྒྱ་ཁག་གི་བཀག་སྡོམ་ནན་པོ་བྱས་པ་མ་ཟད་། ད་དུང་རྒྱ་མིའི་དམག་མི་ཧ་ཅང་མང་པོ་གྲོང་ཁྱེར་ཁག་ནང་འགྲེམས་འཇོག་བྱས་ཤིང་། མི་མང་འདུ་འཛོམས་བྱེད་མི་ཆོག་པ་དང་། དགོན་སྡེ་ཁག་གི་ནང་ལ་ཡང་རྒྱུ་མཚན་འདྲ་མིན་སྣ་ཚོཌ་དྲངས་ནས་། ཆོས་ཕྱོཌ་ཀྱི་བྱེད་སྒོ་སྤེལ་མི་ཆོག་པའི་དམ་བསྒྲཌ་ཆེན་པོ་བྱེད་བཞིན་ཡོད་པ་རེད་འདུག།
གསར་འགོད་པ་ཀུན་བཟང་རིག་འཛིན།