རྒྱལ་ཁབ་གཅིག་གྱུར་སྲུང་སྐྱོབ་ཐད་རྒྱབ་སྐྱོར།


2017.10.30
ཁ་ཐ་ལོ་ནེ་ཡའི་རང་བཙན་གྱི་གནས་བབས། ཁ་ཐ་ལོ་ནེ་ཡ་(Catalonia)རང་བཙན་འཐབ་རྩོད་པ་ཞིག་ནས་ཁ་ཐ་ལོ་ནེ་ཡ་རང་བཙན་གྱི་རྒྱལ་དར་འཁྱེར་ནས་སེ་པེན་དབུས་གཞུང་གི་ལས་ཁུངས་ཨ་མའི་མདུན་ངོ་རྒོལ་གྱི་ལས་འགུལ་སྤེལ་བཞིན་པ།
རོཡ་ཊརས་གསར་ཁང་།

༄༅།    །སེ་པེན་Spain ཁོངས་སུ་གནས་པའི་ཁ་ཐ་ལོ་ནི་ཡ་Catalanགྲོས་ཚོགས་ནང་གཟའ་འཁོར་སྔོན་མར་འོས་བསྡུ་བྱས་ཏེ་རང་བཙན་བྱ་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་རྗེས་རྒྱ་ནག་གིས་Spain སྲིད་གཞུང་གི་རྒྱལ་ཁབ་གཅིག་གྱུར་སྲུང་སྐྱོབ་ཆེད་དུ་འབད་བརྩོན་བྱེད་བཞིན་པར་ཤེས་རྟོགས་ཀྱིས་རྒྱབ་སྐྱོར་ཡོད་ཚུལ་བརྗོད་འདུག
Reuters གསར་ཁང་གིས་སྤྱི་ཚེས་༣༠ཉིན་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་མ་Hua Chunying གིས་ཉིན་རེའི་འཆར་ཅན་གསར་འགོད་ལྷན་ཚོགས་ཐོག་Spain་ནང་གི་Catalonia རང་བཙན་སྐོར་གླེང་སློང་བྱེད་བཞིན་པའི་གནད་དོན་ཐད་བརྗོད་དུས་རྒྱ་ནག་གི་ལངས་ཕྱོགས་ནི་གསལ་པོ་དང་བརྟན་པོ་ཡིན་ཞེས་བརྗོད་དེ་དེ་སྔོན་རྒྱ་ནག་གིས་Spain སྲིད་གཞུང་ལ་རྒྱབ་སྐྱོར་ཡོད་པ་བརྗོད་པ་དེ་བསྐྱར་དུ་ནན་བརྗོད་བྱས་ཡོད་པ་རེད། དེ་ཡང་ཁོང་མོས་གནད་དོན་དེ་ནི་Spain གྱི་ནང་སྲིད་ཀྱི་གནད་དོན་ཞིག་ཡིན་ཞིང་། Spain སྲིད་གཞུང་གིས་རྒྱལ་ཁབ་དང་མི་རིགས་གོང་བུ་གཅིག་གྱུར་ལ་སྲུང་སྐྱོབ་དང་། རྒྱལ་ཁབ་ཁ་བྲལ་དང་ཁྲིམས་ལ་གནོད་འཚེོའི་བྱ་སྤྱོད་ལ་ངོ་རྒོལ་བྱེད་བཞིན་པའི་ལས་དོན་འབད་པ་བྱེད་བཞིན་པར་ཤེས་རྟོགས་ཀྱིས་རྒྱབ་སྐྱོར་ཡོད་ཅེས་བརྗོད་པ་དང་སྤྲགས Spainགིས་ཁྲིམས་ཀྱི་སྒྲིག་གཞིའི་འོག་མི་དམངས་ཀྱི་ཐོབ་ཐང་དང་སྤྱི་ཚོགས་བདེ་འཇགས་ལ་སྲུང་སྐྱོབ་ཐུབ་པའི་ནུས་པ་ཡོད་པ་ང་ཚོས་ཡིད་ཆེས་ཡོད་ཅེས་བརྗོད་འདུག
Reutersགསར་ཁང་གིས་མུ་མཐུད་དུ་རྒྱ་ནག་གིས་འཛམ་གླིང་ནང་གི་རང་བཙན་ཡང་ན་ཁ་བྲལ་གྱི་ལས་འགུལ་ལ་རྒྱལ་ཁབ་གཞན་གྱི་ནང་སྲིད་ཀྱི་གནད་དོན་ཞིག་ཡིན་པ་ངོས་འཛིན་གྱིས་ཐེ་བྱུས་མིན་པ་བརྗོད་བཞིན་པ་དང་བསྟུན་ལྟ་བ་གསལ་ཁ་མེད་པ་ཞིག་ཡིན་པ་རེད། དེ་སྔོན་༢༠༡༤ལོར་Scotland དབྱིན་ཡུལ་ནས་ཁ་བྲལ་དགོས་མིན་ལམ་ལྷོང་བྱུང་མེད་པའི་མང་མོས་འོས་བསྡུའི་སྐོར་དང་། དེ་བཞིན་༢༠༡༡་ལོར་ལྷོ་Sudan དེ་Sudan རྒྱལ་ཁབ་ནས་རང་བཙན་བྱེད་འདོད་པའི་འོས་བསྡུ་ཐོག་ལ་རྒྱ་ནག་ཕྱོགས་ནས་རང་བཙན་འོས་བསྡུའི་ཕྱོགས་ལ་གུ་ཡངས་མང་ཙམ་ཡོད་པའི་རྣམ་འགྱུར་བཏོན་ཡོད་པ་རེད། ཡིན་ནའང་རྒྱ་ནག་ནང་ཁུལ་དུ་བོད་དང་ཤིན་ཅང་གི་གནད་དོན་ཐད་ལ་ཁ་བྲལ་གྱི་ལས་འགུལ་ཞིག་ཡིན་པ་དང་། སོ་སོས་འཛིན་སྐྱོང་བྱེད་བཞིན་པའི་ཐེ་ཝན་ལའང་རྒྱ་ནག་གི་ཞིང་ཆེན་ཞིག་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད་པ་རེད་ཅེས་བརྗོད་འདུག།     
གསར་འགོད་པ་གུ་རུ་ཆོས་སྐྱིད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎