སཱོ་ལོ་མོན་གླིང་ཚོམས་དང་རྒྱ་ནག་བར་བདེ་འཇགས་སྲུང་སྐྱོབ་ཀྱི་གྲོས་མཐུན་བཞག་ཟིན་འདུག
སཱོ་ལོ་མོན་སྲིད་བློན་གྱིས་རྒྱ་ནག་དང་བདེ་འཇགས་སྲུང་སྐྱོབ་ཀྱི་གྲོས་མཐུན་ཡིག་ཆར་མཚན་རྟགས་བཀོད་ཟིན་པ་ཡུལ་དེའི་གྲོས་ཚོགས་ནང་གསལ་སྟོན་གནང་འདུག
- 2022-04-20
-
-
-
ཕྱི་ཚེས་༢༠ཉིན་(AFP)་གསར་ལས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་ནག་གཞུང་གིས་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་སཱོ་ལོ་མོན་གླིང་ཚོམས་ནང་ཤུགས་རྐྱེན་སྤྲོད་བཞིན་པའི་བདེ་འཇགས་འབྲེལ་ལམ་ཐད། ཨ་རི་དང་ཨོསི་ཊརེ་ལི་ཡ་(Australia) ནིའུ་ཛིར་ལན་ཊི་བཅས་ཀྱིས་དོ་སྣང་དང་། བློ་ཚབས་ཆེན་པོ་བྱེད་བཞིན་པའི་སྐབས་འདིར། སཱོ་ལོ་མོན་གླིང་ཚོམས་(Solomon)་ཀྱི་སྲིད་བློན་(Manasseh Sogavare)་ཡིས་རྒྱ་ནག་དང་བདེ་འཇགས་སྲུང་སྐྱོབ་ཀྱི་གྲོས་མཐུན་བཞག་ནས་མཚན་རྟགས་བཀོད་ཟིན་པ་འདི་ཚེས་༢༠རེས་གཟའ་ལྷག་པའི་ཉིན་གསུངས་འདུག
དེ་ཡང་སྲིད་བློན་(Sogavare)་ཡིས། རྒྱ་ནག་དང་སཱོ་ལོ་མོན་གླིང་ཚོམས་བར་བཞག་པའི་བདེ་འཇགས་སྲུང་སྐྱོབ་ཀྱི་གྲོས་མཐུན་ཡིག་ཆར་ཉིན་ཤས་སྔོན་ནས་གཞུང་འབྲེལ་གྱི་ཐོག་ནས་མཚན་རྟགས་བཀོད་ཟིན་པ་ཡིན་ཞེས་གྲོས་ཚོགས་ནང་གུས་བཀུར་གྱི་ཐོག་ནས་གསལ་སྟོན་གནང་ཡོད་འདུག
སཱོ་ལོ་མོན་གྱི་སྲིད་བློན་མཆོག་གི་གཞུང་འཛིན་གྱིས་རྒྱ་ནག་དང་སཱོ་ལོ་མོན་བར་བདེ་འཇགས་ཐད་ཀྱི་ཆིངས་དོན་ལ་མཚན་རྟགས་བཀོད་ཟིན་ཀྱང་ད་རེས་གཞི་ནས་གཞུང་འབྲེལ་གསལ་བསྒྲགས་གནང་བ་ཡིན་འདུག
གནས་ཚུལ་ཐོན་པ་ལྟར་ན། ཨ་རིའི་མཐོ་རིམ་དཔོན་རིགས་གཉིས་སཱོ་ལོ་མོན་ནང་འཚམས་གཟིགས་ཆེད་མངགས་གཏོང་གི་ཡོད་འདུག
གསར་འགོད་པ། དབྱངས་སྒྲོན།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།