རྒྱ་ནག་གིས་ཧོང་ཀོང་ནང་གི་རང་བཙན་ལས་འགུལ་བར་སྐྱོན་བརྗོད།
2016.10.24
ཐེ་ཝན་དང་ཧོང་ཀོང་གཉིས་ནང་རང་བཙན་རྩོད་མཁན་ཚོའི་དམིགས་ཡུལ་འགྲུབ་ཐབས་མེད་པ་རྒྱ་ནག་གིས་སྐྱོན་བརྗོད་བྱས་འདུག
དེ་ཡང་རིའུ་ཀྲར་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འདས་པའི་བདུན་ཕྲག་དེའི་གཟའ་ལྷག་པའི་ཉིན་ཧོང་ཀོང་གི་ས་གནས་གྲོས་ཚོགས་འཐུས་མིའི་དམ་འབུལ་སྐབས་སུ། ཧོང་ཀོང་མང་གཙོ་དང་རང་བཙན་དོན་གཉེར་བ་འཐུས་མི་གཉིས་ནས་དམ་བཅའ་འབུལ་རྒྱུའི་ཚིག་བརྗོད་ཀྱི་ཐོག་ནས་འགྲིགས་མིན་བཤད་ནས་གང་ལྟར་རྒྱ་ནག་གཞུང་གི་ཕྱོགས་གཏོགས་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་མི་འདོད་པའི་རྣམ་འགྱུར་བསྟེན་ཏེ་ཕྱིར་ཐོན་པའི་གནས་ཚུལ་བྱུང་ཡོད་པ་རེད།
གནད་དོན་དེའི་སྐོར་ཐེ་ཝན་གྱི་རྒྱ་ནག་ལས་དོན་ཚན་པའི་མགྲིན་ཚབ་པས། གོང་ཞུས་གྲོས་ཚོགས་འཐུས་མི་གཉིས་མང་ཚོགས་ཀྱི་ཐད་ཀར་འོས་འདེམས་བྱས་པ་ཡིན་སྟབས་དེར་རྒྱ་ནག་དང་ཧོང་ཀོང་གཉིས་ཀྱི་མང་ཚོགས་ཀྱི་འདོད་པར་བརྩི་བཀུར་ཞུ་དགོས་ཀྱི་རེད་ཅེས་གསུངས་ཡོད་པ་རེད། ཡང་ཁོང་གི་གསུངས་པ་དེར་རྒྱ་ནག་གི་ཐེ་ཝན་ལས་དོན་ཚན་པས་སྐྱོན་བརྗོད་དང་འབྲེལ་དེ་སྔ་ཕྱི་ལོ་༡༩༩༧་ལོར་དབྱིན་ཇིའི་ལག་ནས་ཧོང་ཀོང་རྒྱ་ནག་གི་རྩིས་བླངས་བ་ནས་བཟུང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཟེར་བའི་སྲིད་བྱུས་ལག་ལྟར་བྱེད་བཞིན་ཡོད་རེད། དེ་འདྲ་ཡིན་དུས་ང་ཚོས་ཐེ་ཝན་གྱི་ངོས་ནས་ཧོང་ཀོང་གི་ནང་སྲིད་ལ་ཐེ་བྱུས་བྱེད་ནས་ཧོང་ཀོང་གི་སྤྱི་ཚོགས་བརྟན་བལྷིང་ལ་དོ་ཕོག་བཏང་བའི་བྱ་སྤྱོད་དང་། ཧོང་ཀོང་དང་ཐེ་ཝན་ནང་ཡོད་པའི་རང་བཙན་གྱི་འདོད་ཚུལ་འཛིན་ནས་ལས་འགུལ་སྤེལ་
མཁན་ཚོ་དང་ལག་འབྲེལ་གྱི་ཐོག་ནས་རྒྱལ་ཁབ་ཁ་བྲལ་གཏོང་བའི་ལས་འགུལ་སྤེལ་བཞིན་འདུག་པ་དེ་དག་འགྲུབ་ཐབས་མེད་པ་ཞིག་རེད་ལ་ང་ཚོས་མཐའ་ཅིག་ཏུ་ངོ་རྒོལ་ཡོད་ཅེས་ལན་འདེབས་བྱས་ཡོད་འདུག
གསར་འགོད་པ་རིག་འཛིན་ཆོས་སྒྲོན།