རྒྱ་ནག་གིས་ཇར་མན་དང་འབྲེལ་ལམ་བཟང་པོ་ཡོད་སྐོར་བཤད་པ།

རྒྱ་ནག་གི་སྲིད་འཛིན་ནས་ཇར་མན་དང་འབྲེལ་ལམ་བཟང་པོ་ཡོད་སྐོར་བརྗོད་ཡོད་པ་རྒྱ་ནག་གཞུང་འབྲེལ་བརྙན་འཕྲིན་ཐོག་བཏོན་ཡོད་པ་རེད།

2008.10.24

༄༅༎རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་ཡིས་ཇར་མན་དང་འབྲེལ་ལམ་བཟང་པོ་ཡོད་པའི་སྐོར་བརྗོད་ཡོད་པ་རྒྱ་ནག་གཞུང་འབྲེལ་བརྙན་འཕྲིན་ཐོག་ནས་གནས་ཚུལ་བཏོན་ཡོད་པ་རེད།

དེ་ཡང་སྔ་ལོ་ཕྱི་ཟླ་དགུ་པའི་ནང་ཇར་མན་གྱི་སྲིད་བློན་ཨེན་ཇེ་ལ་མར་ཀེལ་མཆོག་གིས་བོད་ཀྱི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་གནང་བ་དང་དེ་བཞིན་བོད་ནང་གི་བོད་མི་ཚོའི་ཞི་བའི་ངོ་རྒོལ་གྱི་ལས་འགུལ་ཐོག་རྒྱ་ནག་གི་གཞུང་གི་དྲག་གནོན་བྱས་པར་བརྟེན་ནས་ཇར་མན་གྱི་སྲིད་བློན་མཆོག་གི་པེ་ཅིང་ཨོ་ལིམ་པིག་འགོ་འབྱེད་མཛད་སྒོར་ཕེབས་རྒྱུར་མིན་པའི་ཐག་གཅོད་གནང་བའི་རྗེས་ཇར་མན་དང་རྒྱ་ནག་དབར་གྱི་འབྲེལ་ལམ་ཇེ་སྡུག་ཏུ་ཕྱིན་ནས་རྒྱ་ནག་གཞུང་གིས་རིག་གཞུང་དང་སྲིད་དོན་གྱི་གནད་ཡོད་དཔོན་རིགས་མཇལ་ཕྲད་ལྷན་ཚོགས་སོགས་ཕྱིར་འཐེན་བྱས་ཡོད་པ་རེད། ཇར་མན་གྱི་སྲིད་བློན་མཆོག་ད་རེས་རྒྱ་ནག་ནང་གི་རྒྱལ་ས་པེ་ཅིང་དུ་གཟའ་པ་སངས་ཉིན་འགོ་འཚུགས་གནང་བའི་ཡོ་རོབ་དང་ཨེ་ཤེ་ཡའི་ཆེས་མཐོའི་དཔོན་རིགས་ལྷན་ཚོགས་སུ་ཚོགས་བཞུགས་ཆེད་པེ་ཅིང་དུ་གཟའ་ཕུར་བུའི་ཉིན་ཕེབས་འབྱོར་བྱུང་ཡོད་པ་དང་གཟའ་པ་སངས་ཉིན་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་དང་སྲིད་བློན་ལྦེན་ཅ་བའོ་སོ་སོས་ཇར་མན་གྱི་སྲིད་བློན་མཆོག་དང་མཇལ་འཕྲད་གནང་ཡོད་ཅིང་སྐབས་དེར་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་ཡིས་ད་ལྟའི་དུས་ཚོད་དེར་རྒྱ་ནག་དང་ཇར་མན་གཉིས་ཀྱིས་ཕྱོགས་ཡོངས་ཀྱི་འབྲེལ་ལམ་བཟབ་མོ་ཞིག་འཕེལ་རྒྱས་ཡོང་རྒྱུར་ཕན་ཚུན་དབར་ཆེས་མཐོའི་འབྲེལ་མཐུད་ཟབ་མོ་གནང་ཡོད་ལ་རྒྱ་ནག་གི་ངོས་ནས་ཇར་མན་དང་རྒྱ་ནག་དབར་གྱི་འབྲེལ་ལམ་དེ་བཞིན་གལ་འགངས་ཆེན་པོར་བརྩི་གི་ཡོད་པའི་སྐོར་གསུང་ཡོད་པ་དང་ཇར་མན་གྱིས་སྲིད་བློན་མཆོག་ནས་ཁོང་གི་དགོངས་པར་གལ་འགངས་ཆེ་ཤོས་ནི་ཕན་ཚུན་དབར་གྲོས་མོལ་བྱ་རྒྱུ་དེ་ཡིན་པ་དང་རྒྱ་ནག་དང་ཇར་མན་དབར་གྱི་འབྲེལ་ལམ་བཟང་དུ་འགྲོ་རྒྱུར་གོམ་སྟབས་མདུན་བསྐྱོད་བྱེད་བཞིན་པར་ཡིད་ཆེས་གནང་གི་ཡོད་པ་གསུང་ཡོད་འདུག ཇར་མན་གྱི་གསར་འགྱུར་བརྒྱུད་ལམ་ཐོག་གནས་ཚུལ་དབྱེ་ཞིབ་བྱས་པའི་ནང་ད་རེས་ཇར་མན་གྱི་སྲིད་བློན་རྒྱ་ནག་ཏུ་ཕེབས་པའི་སྐབས་རྒྱ་ནག་གི་དཔོན་རིགས་ཚོས་ཡོ་རོབ་དང་ཨེ་ཤེ་ཡའི་ཡུལ་གྲུ་གཞན་གྱི་དཔོན་རིགས་ཚོའི་ནང་ནས་ཇར་མན་གྱི་སྲིད་བློན་ལ་བཟང་ཕྱོགས་ཀྱི་རྣམ་འགྱུར་ཤུགས་ཆེན་པོ་བཏོན་གྱི་ཡོད་པའི་སྐོར་དབྱེ་ཞིབ་བྱེད་ཀྱི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎