རྒྱ་ནག་ནས་དུག་རླངས་ཉུང་དུ་གཏོང་རྒྱུའི་འཆར་གཞི་སྐོར།

རྒྱ་ནག་ནང་གི་དུག་རླངས་ཀྱི་ཚད་གཞི་ཉུང་དུ་གཏོང་བའི་དམིགས་ཡུལ་ཐོག་འབད་བརྩོན་བྱ་རྒྱུའི་འཆར་གཞི་ལག་བསྟར་བྱ་རྒྱུ་ཡིན་པ་བཤད་འདུག

2010.02.28

༄༅༎རེས་གཟའ་ཉི་མའི་ཉིན་རྒྱ་ནག་གཞུང་གིས། རྒྱལ་ཁབ་ནང་གི་དུག་རླངས་ཀྱི་ཚད་གཞི་ཉུང་དུ་གཏོང་བའི་དམིགས་ཡུལ་ཐོག་འབད་བརྩོན་བྱ་རྒྱུ་དེ་ནི་མ་འོངས་པའི་ལོ་ལྔའི་འཆར་གཞི་ནང་ལག་བསྟར་བྱ་རྒྱུ་ཡིན་པ་བཤད་ཡོད་པ་རེད།

ན་ནིང་ཕྱི་ཟླ་༡༡་པའི་ནང་རྒྱ་ནག་གཞུང་གིས། ཕྱི་ལོ་༢༠༢༠་ནང་ཚུད་ལ་ཁ་རླུང་གཙང་མ་མེད་པའི་དུག་རླངས་རིགས་ཉུང་དུ་གཏོང་རྒྱུ་དང། གཙོ་བོ་ནི་མོ་ཊ་དང་བཟོ་གྲའི་དུག་རླངས་རིགས་ཉུང་དུ་གཏོང་ཐབས་བྱ་རྒྱུ་ཡིན་པ་ཁས་ལེན་བྱས་ཡོད་པ་དང། ཁས་ལེན་བྱས་པ་བཞིན་མོ་ཀྲའི་དུག་རླངས་མེད་པ་བཟོ་བའི་ལས་དོན་གཞི་རྒྱ་ཆེ་རུ་བཏང་ཡོད་ཀྱང། རྒྱ་ནག་གི་དཔལ་འབྱོལ་འཕེལ་རྒྱས་ཧ་ཅང་གི་མྱུར་ཚད་མགྱོགས་སུ་འགྲོ་བའི་ལས་དོན་དང་བསྡུར་ན། ཧ་ཅང་གི་གོར་གཞི་ཆེན་པོ་ཡིན་པ་རེད། རྒྱ་ནག་གཞུང་གིས་དུག་རླངས་གཙང་མ་བཟོ་རྒྱུའི་སྲིད་ཇུས་དེ་ནི། ན་ནིང་ལོ་མཇུག་ཏུ་ཌེན་མཀ་ཀྱི་རྒྱལ་ས་ཀོ་པེན་ཧ་གེན་དུ་ཚོགས་པའི་རྒྱལ་སྤྱིའི་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་སེལ་ཐབས་ཀྱི་ལྷན་ཚོགས་ཐོག་ལ་སྐུ་ཚབ་རྒྱལ་ཁབ་ཚོའི་ངོས་ནས་རྒྱལ་ཁབ་སོ་སོའི་ནང་གི་དུག་རླངས་ཉུང་དུ་བཏང་སྟེ་འཛམ་གླིང་གི་གནམ་གཤིས་ཚ་དྲོད་ཆེ་རུ་འགྲོ་བའི་དཀའ་ངལ་གདོང་ལེན་བྱ་རྒྱུའི་གྲོས་མཐུན་ལམ་ལྷོང་ཡོང་རྒྱུའི་འབད་བརྩོན་གནང་བའི་ཕྱག་ལས་ཐོག་ལ་རྒྱ་ནག་ཕྱོགས་ནས་ལེགས་སྐྱེས་ཞིག་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

ཉེ་ཆར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགན་འཛིན་ནས། རྒྱ་ནག་ཕྱོགས་ནས་ཀོ་པེན་ཧ་གེན་གྱི་ལྷན་ཚོགས་ཀྱི་གྲོས་མཐུན་ཐོག་མཉམ་ལས་བྱ་རྒྱུ་ཡིན་མིན་དངོས་སུ་བཤད་མེད་ཀྱང། རྒྱ་ནག་དང་དེ་མིན་རྒྱལ་ཁབ་ཁག་༦༠ཙམ་གྱིས་སོ་སོའི་རྒྱལ་ཁབ་ནང་ཁ་རླུང་གཙང་མ་བཟོ་ཐབས་ལས་དོན་འཆར་གཞི་མཉམ་འབྲེལ་རྒྱལ་ཚོགས་ལ་ཕུལ་བ་དེ་ནི། ཀོ་པེན་ཧ་གེན་གྱི་གྲོས་མཐུན་ལ་མཉམ་ལས་བྱ་རྒྱུའི་རྣམ་འགྱུར་བཏོན་པ་ཞིག་ཡིན་ངོས་འཛིན་གྱིས་སྔགས་བརྗོད་བྱས་ཡོད་པ་དང༌། རྒྱ་ནག་གཞུང་ཕྱོགས་ནས་ཀྱང་རྒྱལ་ཁབ་ཀྱི་དུག་རླངས་ཉུང་དུ་གཏོང་བའི་དམིགས་ཡུལ་ཐོག་བསྐྱོད་ཐུབ་པའི་ལས་དོན་ལག་བསྟར་བྱ་རྒྱུ་དེ་ནི་མ་འོངས་པའི་ལོ་ལྔའི་རྒྱལ་ཁབ་ཀྱི་ཡར་རྒྱས་ཀྱི་འཆར་གཞིའི་གྲས་ཀྱི་ལས་དོན་རྣམ་གྲངས་ཞིག་ཡིན་པ་བཤད་ཡོད་པ་རེད། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎