༄༅༎རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་བྱེད་མཁན་གྱི་རྒྱ་རིགས་ཁྲིམས་རྩོད་པ་ཚོར་རྒྱ་ནག་གཞུང་གིས་ཁྲིམས་རྩོད་པའི་ལག་འཁྱེར་དེབ་སྐྱེལ་མི་བྱེད་པའི་དཀའ་ངལ་ཆེན་པོར་ལྷུང་བཞིན་ཡོད་པ་རེད།
དོན་རྐྱེན་དེ་ནི་རང་མིན་ཕྱི་ཟླ་དྲུག་པའི་ཚེས་བཞི་ཉིན་མོ་དེ་ནི་རྒྱ་ནག་གཞུང་གིས་དེ་སྔ་ཕྱི་ལོ་༡༩༨༩ལོའི་ཕྱི་ཟླ་དྲུག་པའི་ཚེས་བཞིའི་ཉིན་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སློབ་ཕྲུག་གི་དམངས་གཙོའི་ལས་འགུལ་ཐོག་དྲག་གནོན་བྱས་ཏེ་མི་ལོ་ཉི་ཤུ་དྲན་གསོའི་དུས་དྲན་ཟིན་འགྲོ་ཡོད་པའི་སྐབས་དེར་རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་འཚོ་བ་གཏིང་གཟབ་པའི་གནད་དོན་དེའི་ཁོངས་སུ་རྒྱ་ནག་མི་དམངས་ཀྱི་ཐོབ་ཐང་ཐོག་དྲང་བདེན་གྱི་རོགས་རམ་བྱེད་མཁན་གྱི་ཁྲིམས་རྩོད་པ་རྣམས་ཁྲིམས་རྩོད་པའི་ལས་ཀ་བྱ་ཆོག་པའི་ལོ་རེར་བཞིན་གཞུང་ལ་དེབ་སྐྱེལ་བྱ་དགོས་པའི་ལག་འཁྱེར་རྒྱ་ནག་གཞུང་གིས་དེབ་སྐྱེལ་བྱེད་ཀྱི་མེད་པ་དང་རྒྱ་ནག་གཞུང་གིས་གཏན་འབེབས་བྱས་པ་ལྟར་ལོ་རེར་དེབ་སྐྱེལ་བྱེད་པའི་དུས་བཀག་ནི་རྒྱུན་དུ་ཕྱི་ཟླ་གསུམ་པའི་ཚེས་སུམ་ཅུ་སོ་གཅིག་གོང་དུ་བྱ་དགོས་ཀྱི་ཡོད་ཀྱང་དེ་རིང་དེབ་སྐྱེལ་བྱ་རྒྱུའི་དུས་བཀག་ཉིན་མཐའ་མ་དེ་ཡིན་པ་རེད། རྒྱལ་ས་པེ་ཅིང་ནང་དུ་ཁྲིམས་རྩོད་པའི་ཕྱག་ལས་གནང་མཁན་ཅཱང་ཐན་ཡོང་ཞུ་བ་ཁོང་ཡང་རྒྱ་ནག་གཞུང་གིས་ཁྲིམས་རྩོད་པའི་ལག་འཁྱེར་དེབ་སྐྱེལ་མ་བྱས་པའི་གྲས་སུ་ཡོད་ཅིང་ཁོང་གིས་ན་ནིང་བོད་ནང་རྒྱ་ནག་གཞུང་ལ་ཞི་བའི་རྔམ་སྟོན་ངོ་རྒོལ་ལས་འགུལ་སྤེལ་བའི་སྐབས་ཉེས་ཅན་གྱི་ནག་ཉེས་བཙུགས་པའི་བོད་མིར་ནག་ཉེས་དག་འབུད་ཀྱི་ཁྲིམས་གཏུགས་ཀྱི་རོགས་རམ་བྱ་རྒྱུའི་འདུན་པ་བཏོན་པའི་གནད་དོན་དེའི་ཐོག་ནས་ཁོང་གི་ཁྲིམས་རྩོད་པའི་ལག་འཁྱེར་དེབ་སྐྱེལ་མ་བྱས་པའི་འབྱུང་རྩ་དེ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། རོའུ་ཀྲར་གསར་འགྱུར་ལས་ཁང་གིས་དེ་རིང་ཁོང་དང་ཁྲིམས་རྩོད་པ་དྲུག་ལ་དོན་རྐྱེན་དེའི་སྐོར་བཀའ་འདྲི་ཞུས་པའི་སྐབས་ཁྲིམས་ཁང་གི་དཔོན་རིགས་ནས་ཁོང་ཚོའི་ལག་འཁྱེར་དེབ་སྐྱེལ་མི་བྱེད་པའི་རྒྱུ་མཚན་ཇི་ཡིན་རྩ་བ་ནས་འགྲེལ་བརྗོད་བྱེད་ཀྱི་མེད་པ་དང་ཡིན་ནའང་ཁོང་ཚོའི་ངོས་ནས་དེ་སྔ་རྒྱ་ནག་གཞུང་གིས་དམངས་གཙོའི་སློབ་ཕྲུག་ཐོག་དྲག་གནོན་བྱས་ཏེ་འདི་ལོ་མི་ལོ་ཉི་ཤུ་འཁོར་བའི་ཆབ་སྲིད་ཀྱི་འཚོ་བ་གཟབ་པའི་དྲན་གསོའི་དུས་ཚིགས་ཟིན་གྱི་ཡོད་པ་དེ་ཡིན་སྲིད་པའི་ངོས་འཛིན་བྱེད་ཀྱི་ཡོད་པའི་འགྲེལ་བརྗོད་བྱས་ཡོད་པ་དང་ལྷག་པར་དུ་འདི་ལོ་དྲུག་བཞིའི་དོན་རྐྱེན་དེའི་སྐབས་ང་ཚོ་ཁྲིམས་རྩོད་པ་ཚོས་གཞུང་གི་བཀའ་བཞིན་ལས་དོན་ལག་བསྟར་མ་བྱེད་མཁན་གང་ཞིག་ལ་ཉེན་ཁ་ཞིག་ཡིན་པར་འགྲེལ་བརྗོད་བྱས་ཡོད་པ་རེད། ཡིན་ནའང་རོའུ་ཀྲར་གསར་འགོད་པས་པེ་ཅིང་གི་ཁྲིམས་ལུགས་ལས་དོན་ཁང་གི་ཁྲིམས་རྩོད་པ་དེབ་སྐྱེལ་ཚན་པའི་འགན་འཛིན་དང་པེ་ཅིང་གི་ཁྲིམས་རྩོད་པའི་མཉམ་སྦྲེལ་ཚོགས་པའི་སྤྱི་ཁྱབ་དྲུག་ཆེ་གཉིས་ལ་དོན་རྐྱེན་དེའི་སྐོར་བཀའ་འདྲི་ཞུ་ཐབས་བྱེད་པའི་སྐབས་གནད་དོན་དེ་ཁྱོད་ཚོ་དང་འབྲེལ་བ་ཡོག་མ་རེད་ཅེས་ལན་འདེབས་བྱས་པ་ལས་དེ་མིན་གྱི་གནས་ཚུལ་གང་ཡང་གསལ་བཤད་བྱས་མེད་པ་རེད༎