རྒྱ་ནག་གཞུང་གིས་ངོས་འཛིན་བྱས་པའི་པན་ཆེན་སྐོར།

རྒྱ་ནག་གཞུང་གིས་ངོས་འཛིན་བྱས་པའི་པན་ཆེན་བླ་མ་དམར་ཤོག་ཚོགས་པའི་སྡེ་ཚན་གྱིས་གོ་སྒྲིག་ཞུས་པའི་འགྲེམས་སྟོན་ལགཟིགས་བསྐོར།

2011.06.27

༄༅༎རྒྱ་ནག་གཞུང་གིས་ངོས་འཛིན་བྱས་པའི་པན་ཆེན་རིན་པོ་ཆེ་རྒྱལ་མཚན་ནོར་བུས་ཁ་ཉིན་གཟའ་སྤེན་པའི་ཉིན་རྒྱ་ནག་གི་རྒྱལ་སའི་ནང་གི་གྲངས་ཉུང་མི་རིགས་ཀྱི་རིག་གཞུང་ཁང་ནང་རྒྱ་ནག་གིས་བོད་དེ་ཞི་བའི་ལམ་ནས་བཅིངས་བཀྲོལ་བཏང་སྟེ་ མི་ལོ་ ༦༠ འཁོར་བའི་དུས་དྲན་སྲུང་བརྩི་ཞུ་བའི་ཆེད་དུ་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་སོགས་ རྒྱ་ནག་གི་དམར་ཤོག་ཚོགས་པའི་སྡེ་ཚན་གྱིས་གོ་སྒྲིག་ཞུས་པའི་འགྲེམས་སྟོན་དེར་གཟིགས་བསྐོར་གནང་ཡོད་པ་རེད་ རྒྱ་ནག་གཞུང་འབྲེལ་ཤིན་ཧུལྦ་གསར་ལས་ཁང་གིས་སྤེལ་བའི་གནས་ཚུལ་ནང་གསལ་ལྟར་ན་ རྒྱལ་མཚན་ནོར་བུས་འགྲེམས་སྟོན་དེར་དོ་སྣང་ཆེན་པོའི་ཐོག་ནས་ཆུ་ཚོད་གཅིག་རིང་གཟིགས་ཞིབ་གནང་ཡོད་པ་དང་ སྐབས་དེར་རྒྱ་ནག་གུང་བྲན་ཏང་གི་དབང་བསྒྱུར་འོག་འདས་པའི་མི་ལོ་ ༦༠འི་རིང་ལ་བོད་ཀྱི་སྤྱི་ཚོགས་དང་ དཔལ་འབྱོར་ རིག་གཞུང་སོགས་ཀྱི་ཐད་ལ་ཡར་རྒྱས་ཕྱིན་ཡོག་རེད་ཅེས་་ཁོང་གིས་བརྗོད་ཡོད་པ་རེད་ དེ་དང་དུས་མཉམ་དུ་དེང་སང་གི་བོད་ཀྱིས་སྤྱི་ཚོགས་ནང་འཆམ་མཐུན་དང་ རྒྱལ་ཁབ་ནང་བརྟན་ལྷིངས་ ཆོས་ལུགས་འདྲ་མིན་བར་ལ་འགལ་ཟླ་མེད་པར་ཞི་འཇམ་ངང་གནས་བཞིན་པ་ཡིན་ལུགས་སོགས་ཀྱང་ཁོང་གིས་བརྗོད་ཡོད་པ་རེད་ རྒྱ་ནག་གུང་བྲན་ཏང་གི་དབང་བསྒྱུར་འོག་ བོད་དེ་བདེ་སྐྱིད་ཕུན་སུམ་ཚོགས་ཤིང་ བོད་མི་རྣམས་དགའ་སྐྱིད་རྫོགས་ལྡན་ངང་འཚོ་གནས་བྱེད་བཞིན་པ་ཡིན་པ་ འདས་པའི་རྒྱལ་རབས་ལོ་རྒྱུས་ཀྱིས་ཁུངས་སྐྱེལ་ར་སྤྲོད་བྱེད་ཐུབ་ཀྱི་ཡོག་རེད་ཅེས་ཀྱང་རྒྱལ་མཚན་ནོར་བུས་བརྗོད་པ་རེད་ཅེས་ཤིན་ཧུལྦས་གནས་ཚུལ་སྤེལ་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎