རྒྱ་ནག་ནི་དྲ་རྒྱའི་རང་དབང་མེད་པ་སྡུག་ཤོས་ཡིན་པ།


2015.11.09
རྒྱ་ནག་ཧྲན་ཏུང་ཕྱོགས་ཀྱི་དྲ་ཁང་གི་མཛད་སྤྱོད་པའི་ཐོབ་ཐང་དཔང་ཡིག་ཉེན་རྟོག་པས་ཞིབ་གཤེར་བྱེད་བཞིན་པ། ༢༠༡༣།༧།༣༡ རྒྱ་ནག་ཧྲན་ཏུང་ཕྱོགས་ཀྱི་དྲ་ཁང་གི་མཛད་སྤྱོད་པའི་ཐོབ་ཐང་དཔང་ཡིག་ཉེན་རྟོག་པས་ཞིབ་གཤེར་བྱེད་བཞིན་པ། ༢༠༡༣།༧།༣༡
CI

རྒྱ་ནག་ནི་རྒྱལ་ཁབ་མང་པོའི་ཁྲོད་དྲ་རྒྱའི་རང་དབང་མེད་པ་སྡུག་ཤོེས་ཡིན་པ་ཨ་མི་རི་ཀའི་ཚོགས་པ་ཞིག་གིས་སྙན་ཐོ་ནང་བཏོན་འདུག
དེ་ཡང་ཉེ་ཆར་ཨ་རིིའི་Freedom Houseརང་དབང་ཚོགས་པ་ཞེས་པས། སྤྱི་ལོ་༢༠༡༥་ལོའི་དྲ་རྒྱའི་རང་དབང་སྐོར་གྱི་ལོ་འཁོར་སྙན་ཐོ་གསར་ཤོས་བཏོན་པ་དེའི་ནང་། རྒྱ་ནག་ནང་རྒྱ་གཞུང་གིས་གཏན་འབེབས་བྱས་པའི་དྲ་ཐག་ཁ་ཤས་མ་གཏོགས་གཞན་དྲ་ཐག་དག་སྒོ་ཕྱེ་མི་ཐུབ་པ་བཟོས་པ་དང་། དེ་བཞིན་དྲ་རྒྱའི་ཐོག་སྨྲ་བརྗོད་རང་དབང་ལ་ནག་ཉེས་བཀལ་བ་ཐེ་པའི་དྲ་རྒྱའི་རང་དབང་ཐད་ལ་དམ་དྲག་བཀག་བསྡོམས་བྱེད་བཞིན་པའི་ཐབས་ལམ་མང་པོ་བཀོད་སྤེལ་བྱས་ཡོད་ཅིང་། རྒྱ་ནག་ནི་འཛམ་གླིང་གི་རྒྱལ་ཁབ་ཁག་༦༥་ཡོད་པའི་ནང་ནས་དྲ་རྒྱའི་རང་དབང་སྐོར་ཞིབ་འཇུག་བྱས་པའི་གྲུབ་འབྲས་སུ་དྲ་རྒྱ་རང་དབང་མེད་པའི་ཨང་༦༥་མཐའ་མ་དེ་ཡིན་འདུག་པ་མ་ཟད། ཞིབ་འཇུག་བྱེད་པའི་རྒྱལ་ཁབ་ནང་བྱང་ཀོ་རེ་ཡ་མེད་ཀྱང་། རྒྱ་ནག་ནི་Iran དང་། Cuba Myanmarའམ་འབར་མ་རྗེས་སུ་ལྷུང་ཡོད་ཅེས་བཀོད་འདུག
ད་དུང་ཚོགས་པ་དེས་སྙན་ཐོ་བཏོན་པའི་ནང་། བཀག་བསྡོམས་རྩ་འཛུགས་ཀྱི་དམིགས་ཡུལ་དེ་ནི་གཞུང་དེས་ཕྱི་ཕྱོགས་ཀྱི་དྲ་རྒྱའི་བརྒྱུད་ལམ་ཁག་ལ་རྣམ་འགྱུར་བཏོན་པ་ཙམ་མ་ཡིན་པ། དྲ་རྒྱ་བེད་སྤྱོད་བྱེད་མཁན་དག་གི་རང་དབང་ལ་རྡོག་རོལ་བཏང་བཞིན་པ་དེ་དག་དམིགས་བསམ་ཀྱི་ར་འཕྲོད་ཐུབ་ཡོད་ཅེས་སོགས་བཀོད་འདུག
ཉེ་ཆར་རྒྱ་ནག་གཞུང་གིས་ཁྲིམས་གསར་པ་ཞིག་གཏན་འབེབས་བྱས་ཏེ་དྲ་ཐོག་སོགས་སུ་གནས་ཚུལ་རྫུན་མའི་རིགས་སྤེལ་ན་ལོ་༣་ནས་ལོ་༧་གི་ཁྲིམས་ཆད་བཅད་རྒྱུ་ཡིན་པ་བསྒྲགས་ཡོད་པ་རེད། ཁྲིམས་འདི་ལྟར་བཟོས་ནས་གཙོ་བོ་མང་གཙོ་དང་། འགྲོ་བ་མིའི་དོན་གཉེར་བ་དག་ཁ་བཙུམ་བཤད་ཆེད་རེད་ཅེས་གནད་དོན་དབྱེ་ཞིབ་པས་དབྱེ་ཞིབ་བྱས་ཡོད་པ་རེད།

གསར་འགོད་པ་གུ་རུ་ཆོས་སྐྱིད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎