རྒྱ་ནག་གིས་གའ་ཛ་དང་ཨི་སི་རའེལ་ཐོག་གནོན་ཤུགས་སྤྲོད་པ།

པེ་ལེསི་ཀྲིན་གྱི་གའ་ཛ་ས་ཁུལ་དུ་ཨི་སི་རའེལ་ཡིས་འཕར་རྒོལ་བྱེད་པའི་དྲག་པོའི་བྱ་སྤྱོད་མཚམས་འཇོག་ཡོང་ཆེད་རྒྱ་ནག་གིས་གནོན་ཤུགས་སྤྲད་པ།

2009.01.11

༄༅༎རྒྱ་ནག་གི་ཕྱི་སྲིད་བློན་ཆེན་དབྱང་ཅེ་ཁྲི་ཡིས་ཞལ་པར་བརྒྱུད་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་མཆོག་ལ་ཉེ་ཆར་རྒྱལ་ཚོགས་ནས་པེ་ལེསི་ཀྲིན་གྱི་གའ་ཛ་ས་ཁུལ་ནང་དུ་ཨི་སི་རའེལ་ཡིས་ཕར་རྒོལ་བྱེད་པའི་དྲག་པོའི་འཐབ་འཁྲུགས་མཚམས་འཇོག་ཡོང་ཐབས་ཀྱི་གྲོས་ཆོད་ཅིག་ཐག་གཅོད་གནང་བ་དེར་གྲུབ་འབྲས་ཤིག་སོན་པའི་རེ་བ་ཡོད་པའི་སྐོར་བཤད་ཡོད་པ་རེད།

དེ་རིང་རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་གསལ་བསྒྲགས་ཤིག་སྤེལ་བའི་ནང་དབྱང་ཅེ་ཁྲི་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་སྦན་ཀི་མུན་མཆོག་ལ་གའ་ཛ་ས་ཁུལ་ནང་འཕྲལ་མ་ཉིད་དུ་མེ་འཕེན་མཚམས་འཇོག་ཡོང་ཐབས་ཀྱི་ཆེད་དུ་བཞག་པའི་གྲོས་ཆོད་དེའི་ཐོག་ལ་རྒྱལ་སྤྱིའི་སྤྱི་ཚོགས་ནས་སྤྱི་མཐུན་གྱི་རྒྱབ་སྐྱོར་གནང་གི་ཡོད་པ་དང་ལྷག་པར་དུ་གའ་ཛ་ནང་ཨིསི་རའེལ་དམག་དཔུང་གིས་འཕར་རྒོལ་བྱེད་པའི་དྲག་པོའི་བྱ་སྤྱོད་འཕྲལ་དུ་མཚམས་འཇོག་བྱ་དགོས་པའི་ངོས་འཛིན་ཐུབ་པའི་ཐོག་ནས་ཨིསི་རའེལ་དམག་དཔུང་རྣམས་འཕྲལ་མ་ཉིད་དུ་གའ་ཛ་ས་ཁུལ་ནས་ཕྱིར་འཐེན་བྱ་དགོས་ཀྱི་རེད་ཅེས་དང་ད་ལྟ་གའ་ཛ་ས་ཁུལ་ནང་གི་མི་ཆོས་འཚོ་མཐུན་ཐོག་ལ་ཚབས་ཆེའི་དཀའ་ངལ་བཟོ་བཞིན་པའི་བྱ་སྤྱོད་འཕྲལ་དུ་མཚམས་འཇོག་བྱ་དགོས་ཀྱི་རེད་ཅེས་བཤད་ཡོད་ལུགས་ལུང་འདྲེན་བྱས་ཡོད་པ་རེད། དེ་བཞིན་རེས་གཟའ་སྤེན་པའི་ཉིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་རྒྱ་ནག་གི་དཀྱིལ་ཤར་ཡུལ་གྲུའི་སྐུ་ཚབ་ད་ལྟ་དྲག་པོའི་འཐབ་འཁྲུགས་བྱེད་བཞིན་པའི་པེ་ལེསི་ཀྲིན་དང་ཨིསི་རའེལ་རྒྱལ་ཁབ་དེ་གཉིས་བར་དུ་ཆགས་པའི་ཨི་ཇིབ་ཏི་རྒྱལ་ཁབ་བཅས་ནང་གང་མགྱོགས་འཚམས་འདྲིར་བསྐྱོད་དེ་དྲག་པོའི་འཐབ་འཁྲུགས་མཚམས་འཇོག་ཡོང་ཐབས་གྲོས་མོལ་བྱ་རྒྱུ་ཡིན་པའི་སྐོར་གསལ་བསྒྲགས་ཤིག་སྤེལ་ཡོད་ཅིང་ཉེ་བའི་ལོ་ཤས་ནང་རྒྱ་ནག་ཕྱོགས་ནས་དཀྱིལ་ཤར་ཡུལ་གྲུའི་ཕྱི་འབྲེལ་ལས་དོན་ནང་ཐེ་ཇུས་བྱ་རྒྱུ་ཤུགས་ཆེ་བཏང་ཡོད་པ་དང་དེའི་དམིགས་ཡུལ་ནི་རྒྱ་ནག་ཕྱོགས་ནས་དཀྱིལ་ཤར་ཡུལ་གྲུ་ནས་ནང་འདྲེན་བྱེད་བཞིན་པའི་རྡོ་སྣུམ་གྱི་ཚོང་ལས་ཐོག་དཀའ་ངལ་མེད་པ་བཟོ་རྒྱུ་དེ་ནི་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་འགག་རྩ་ཞིག་ཡིན་པར་བརྟེན་དཀྱིལ་ཤར་ཡུལ་གྲུའི་ནང་བརྟན་ལྷིང་སྐྲུན་རྒྱུ་དེ་ནི་རྒྱ་ནག་གི་ཁེ་ཕན་དང་ཐུག་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎