༧གོང་ས་མཆོག་གི་མཚན་བཏོན་མེད་པར་ངོ་རྒོལ་དང་སྐྱོན་བརྗོད།


2016.01.20
༢༠༡༤།༤།༡༥ཉིན་༧གོང་ས་མཆོག་ཉི་ཧོང་གི་Koyasanགཙུག་ལག་སློབ་གྲྭ་ཆེན་མོར། ༢༠༡༤།༤།༡༥ཉིན་༧གོང་ས་མཆོག་ཉི་ཧོང་གི་Koyasanགཙུག་ལག་སློབ་གྲྭ་ཆེན་མོར།
པར། སྐུ་སྒེར་དྲ་བ།

དེ་ཡང་བོད་ཀྱི་དབུ་ཁྲིད་བླ་ན་མེད་པ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུས་པའི། བཙན་བྱོལ་ནང་གནས་བཞུགས་བོད་ཀྱི་བླ་ཆེན་ཁག་གི་མཚན་ཉེ་དུས་རྒྱ་ནག་གཞུང་གིས་ངོས་ལེན་ཡོད་པའི་བོད་ཀྱི་སྤྲུལ་སྐུ་༨༧༠་ཡི་མཚན་གཞུང་བཏོན་པའི་ནང་བཀོད་མེད་པ་དང་། དེ་ནི་འདི་ཟླའི་ཚེས་༡༨་ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་ནང་གི་བཀང་བཅིས་དགོན་པར་ཀྲུང་གོའི་བོད་བརྒྱུད་ནང་བསྟན་སྤྲུལ་སྐུ་འཚོལ་ཞིབ་མ་ལག་ཤར་གཏོང་གི་མཛད་སྒོ་ཞེས་པ་ཚོགས་ནས་རྒྱ་ནག་གཞུང་གིས་ངོས་ལེན་ཡོད་པའི་སྤྲུལ་སྐུ་༨༧༠་གྲངས་ཐོ་བཏོན་ཡོད་པ་དང་། འཚོལ་ཞིབ་མ་ལག་ནང་སྤྲུལ་སྐུའི་མིང་དང་། ཆོས་མིང་། ཐོབ་ཁུངས། སྐྱེས་ལོ། ཆོས་བརྒྱུད་གང་གི་ཁོངས་གཏོགས་ཡིན་པ། སྤྲུལ་སྐུའི་དཔང་ཡིག་གི་དཔང་འཛིན་ཨང་གྲངས། སྤྲུལ་སྐུའི་དགོན་པ་དང་འདྲ་པར་སོགས་བསྡོམས་རིགས་མི་འདྲ་༨་ཙམ་གྱི་སྟེང་ནས་སྤྲུལ་སྐུ་སོ་སོའི་གཞི་རྩའི་གནས་ཚུལ་ཁག་གསལ་འདོན་བྱས་སྐོར་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་ན་ཡང་། དེའི་ཁོངས་སུ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུས་པའི་བཙན་བྱོལ་ནང་གནས་བཞུགས་བོད་ཀྱི་བླ་ཆེན་ཁག་གི་མཚན་འཁོད་མེད་པ་རེད། དེའི་ཐད་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཨེ་ཤེ་ཡའི་འགན་འཛིན་རྡོ་རྗེ་ཚེ་བརྟན་ལགས་ཀྱིས། བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་གྲངས་ཐོའི་ནང་༧གོང་ས་མཆོག་གི་མཚན་མེད་པ་དེ་ནི་བསམ་ཡུལ་ལས་འདས་པ་ཞིག་རེད། རྒྱ་ནག་དམར་ཤོག་ཚོགས་པས་དུས་རྟག་ཏུ་བོད་བརྒྱུད་ནས་བསྟན་དེ་དམར་ཤོག་ཚོགས་པར་ཉེན་ཁ་བཟོ་མཁན་དུ་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། ཐེངས་འདིའི་སྤྲུལ་སྐུ་དངོས་ཀྱི་གྲངས་ཐོ་ཞེས་པ་ནི་སྤྲུལ་སྐུ་རྫུན་མའི་གནད་དོན་སེལ་ཆེད་ཡིན་སྐོར་བརྗོད་པ་དེ་ནི་ཁ་གཡར་ས་ཙམ་ལས་དེའི་དམིགས་ཡུལ་ངོ་མ་དེ་ནི་བོད་བརྒྱུད་ནང་བསྟན་ལ་ཐེ་ཇུས་དང་སྟངས་འཛིན་བྱས་ཏེ་མ་འོངས་པར་རྒྱ་གཞུང་རང་ཉིད་ནས་༧གོང་ས་མཆོག་གི་ཡང་སྲིད་གཅིག་ངོས་འཛིན་ཞུ་འདོད་ཡོད་པ་དེ་རེད། གནད་དོན་དེ་ནི་བོད་མིའི་ཆོས་དད་རང་དབང་ལ་བརྩི་མེད་རྡོག་རོལ་ཚབས་ཆེ་བཏང་བ་ཞིག་ཡིན་པས། གཞིས་བྱེས་གཉིས་སུ་འཁོད་པའི་བོད་མི་ཚོས་དེར་ངོས་ལེན་ནམ་ཡང་བྱེད་ཀྱི་མ་རེད་ཅེས་བྲིས་གནང་འདུག་ལ་གོང་ཞུས་གནད་དོན་སྐོར་ཕྱི་བརྒྱུད་ལམ་གྲགས་ཅན་The Wall Street Journalཞེས་པས་ཀྱང་གནས་ཚུལ་སྤེལ་འདུག

གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།

འབྲེལ་ཡོད་གནས་ཚུལ་གཤམ་ལ་འདི་གའི་གསར་འགོད་པ་བློ་བྷེ་ལགས་ཀྱིས་བཞུགས་སྒར་རྡ་རམ་ས་ལ་ནས་བཏང་བར་གསན་རོགས་ཞུ༎

གསར་འགོད་པ་བློ་བྷེ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎