རྒྱ་ནག་ནང་ས་རུད་བརྒྱབ་སྟེ་མི་གྲངས་༢༥༤ས་སྦས་ཐེབས་འདུག

རྒྱ་ནག་གི་ཐའོ་ཧྲི་ཞེས་པའི་བྱང་ཕྱོགས་ཀྱི་གྲོང་གསེབ་ཅིག་ནང་ས་རུད་བརྒྱབ་སྟེ་མི་གྲངས་ཉིས་བརྒྱ་ལྔ་བཅུ་ང་བཞི་ས་སྦས་ཐེབས་ཡོད་འདུག

2008.09.13

༄༅༎རྒྱ་ནག་གི་ཐའོ་ཧྲི་ཞེས་པའི་བྱང་ཕྱོགས་ཀྱི་གྲོང་གསེབ་ཅིག་ནང་ས་རུད་བརྒྱབ་སྟེ་མི་གྲངས་ཉིས་བརྒྱ་ལྔ་བཅུ་ང་བཞི་ས་སྦས་ཐེབས་ཡོད་ལུགས་རྒྱ་ནག་གཞུང་འབྲེལ་ཤིན་ཧ་གསར་འགྱུར་བརྒྱུད་ལམ་ནང་གནས་ཚུལ་སྤེལ་འདུག

རྒྱ་ནག་གཞུང་གི་ལས་དོན་སྲུང་སྐྱོབ་ཚན་པས་གསུངས་པར་གཞིགས་ན་ ས་རུད་བྱུང་སའི་ས་ཁྱོན་བརྒྱ་ཆ་དགུ་བཅུ་ཙམ་ལ་འཚོལ་ཞིབ་ཟིན་ལུགས་གསལ་བསྒྲགས་གནང་ཡོད་ཀྱང་ཆུ་ཡུར་ཆེན་པོ་གཉིས་ནང་འཚོལ་ཞིབ་བྱ་བསྡད་ལ་བརྟེན་ ད་དུང་མི་མང་མང་པོ་ཆུ་ཡུར་དེ་གཉིས་ནང་ས་སྦས་ཐེབས་པའི་དོགས་པ་བྱེད་བཞིན་པ་རེད་ གྲོང་གསེབ་དེའི་རི་སྒོར་གཏེར་ཁ་བསྔོག་འདོན་བྱེད་ཀྱི་ཡོད་པ་དང་གཏེར་ཁའི་སྙིགས་རོ་ཕོན་ཆེ་ཕུང་གསོག་བྱས་པ་དེའི་ཐོག་ཆར་ཞོད་ཆེན་པོ་བྱུང་བར་བརྟེན་རི་འདེབས་ནས་ས་རུད་བརྒྱབ་སྟེ་གྲོང་གསེབ་དེའི་ནང་ཚོང་འདུས་ཀྱི་སྐབས་འཁེལ་འདུས་པས་ དེར་འདུས་པའི་མི་མང་ཚང་མ་ས་འོག་ས་སྦས་ཐེབས་འདུག ཁྲིམས་འགལ་གཏེར་ཁ་བསྔོག་འདོན་བྱེད་མི་བཅུ་གསུམ་ཉེན་རྟོག་པས་འཛིན་བཟུང་དོ་དམ་བྱས་ཡོད་པ་མ་ཟད་ གྲོང་གསེབ་དེའི་གྲོང་ཁྱེར་སྤྱི་ཁྱབ་པ་དང་ ས་གནས་དམར་ཤོག་ཚོགས་པའི་དྲུང་ཆེ་དང་ དེ་མིན་དམར་ཤོག་ཚོགས་པའི་མཐོ་རིམ་མི་སྣ་བཅས་ལེ་ཁག་ཡོད་པའི་མི་སྣ་ཁག་གནས་དབྱུང་བཏང་འདུག

ས་རུད་འདིའི་ནང་རྒྱུ་དངོས་ཨ་སྒོར་ས་ཡ་གཅིག་དང་གྲངས་ཆུང་སུམ་ཅུ་སོ་བཞི་ཙམ་གྱི་གྱོང་གུན་ཕོག་ཡོད་ལུགས་ རྒྱ་ནག་གཞུང་འབྲེལ་ཤིན་ཧ་གསར་འགྱུར་བརྒྱུད་ལམ་ནང་གནས་ཚུལ་སྤེལ་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎