ཁྲིམས་རྩོད་པ་ཤའ་ལིན་ལ་མི་ལོ་༡༢་ཀྱི་ཁྲིམས་ཐག་བཅད་འདུག།


2016.09.22
རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ཁྲིམས་རྩོད་པ་ཤའ་ལིན་Xia Lin་གྱི་ཉེ་པར། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ཁྲིམས་རྩོད་པ་ཤའ་ལིན་Xia Lin་གྱི་ཉེ་པར།
Public domain

རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ཁྲིམས་རྩོད་པ་ཤའ་ལིན་ལ་མི་ལོ་༡༢་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག།
དེ་ཡང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ཁྲིམས་རྩོད་པ་ཤའ་ལིན་ལ་མགོ་སྐོར་གཏོང་མཁན་གྱི་ཉེས་མིང་བཙུགས་ནས། འདི་ཚེས་༢༢་ཉིན་པེ་ཅིན་གྲོང་ཁྱེར་མི་དམངས་ཁྲིམས་ཁང་ཨང་གཉིས་པས་མི་ལོ་༡༢་ཀྱི་བཙོན་འཇུག་དང་། ཆབ་སྲིད་ཀྱི་དབང་ཆ་ལོ་གསུམ་འཕྲོག་རྒྱུ།  ཉེས་ཆད་སྒོར་ཁྲི་༡༢་ཐོག་གནོད་འཚེ་ཕོག་མཁན་ལ་གུན་གསབ་སྒོར་ཁྲི་༤༨༡་ཕྱིར་སློག་དགོས་པའི་ཁྲིམས་ཐག་བཅད་ཡོད་འདུག།  
ཚེས་༢༢་ཉིན་ཁྲིམས་ཁང་གི་ཕྱིར་ཉེན་རྟོག་པའི་མོ་ཊ་མང་པོ་བཀོད་སྒྲིག་བྱས་ཡོད་པ་མ་ཟད།  སྒྲིག་ཆས་མ་གྱོན་པའི་ཉེན་རྟོག་པས་བསྐོར་གཡེང་བྱེད་ཀྱི་ཡོད་པ་རེད།  ད་དུང་ཁྲིམས་ཁང་ཕྱིར་ཞུ་གཏུགས་བྱེད་མཁན་འགའ་ཞིག་སླེབས་ཡོད་ཀྱང་ཉེན་རྟོག་པས་ལམ་སེང་མོ་ཊའི་ནང་བཅུག་ནས་ཁྲིད་ཕྱིན་པ་ཧོང་ཀོང་བརྒྱུད་ལམ་གྱིས་བཤད་འགྲེལ་ཡོད་པ་རེད།
ཁྲིམས་རྩོད་པ་དང་ཤའ་ལིན་དང་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་ཕུའུ་ཀྲེ་ཆང་གཉིོས་ཀ་པེ་ཅིན་དུ་ཡོད་པའི་ཁྲིམས་རྩོད་ལས་ཁང་གཅིག་པ་ཡིན་པ་དང་། ཤའ་ལིང་གིས་དེ་སྔ་ཏེང་ཡུའུ་ཆའོ་དང་། ཚུད་དབྱིན་ཇའེ། ཨེའེ་ཝུད་ཝུད། དན་ཙོའོ་རན། ཕུའུ་ཀྲེ་ཆང་སོགས་ཕྱི་ནང་ཚང་མས་དོ་སྣང་ཆེན་པོ་བྱ་ཡུལ་གྱི་འགྲོ་བ་མིའི་ཐོབ་ཐང་ཐད་ཀྱི་གྱོད་དོན་ཁག་ཅིག་ལ་ཁྲིམས་རྩོད་ཀྱི་འགན་ཁུར་ལེན་བྱེད་མྱོང་ཡོད་པ་རེད།  
ཁྲིམས་རྩོད་པ་ཤའ་ལིན་བཀག་ཉར་དོ་དམ་བྱས་ནས་ལོ་གཅིག་དང་ཕྱེད་འདས་ཟིན་རྗེས་གཞི་ནས་འདི་ལོ་ཟླ་༦་པའི་ནང་ཁྲིམས་བཤེར་འགོ་བཙུགས་བྱས་ཡོད་པ་དང་། ཤའ་ལིན་གིས་ལས་རིགས་ཚོང་གཉེར་དང་རྣམ་གྲངས་ལ་མ་འཛུགས་དགོས་པའི་རྒྱུ་མཚན་ལ་བརྟེན་ནས་མི་མང་པོའི་ས་ནས་དངུལ་མང་པོ་མགོ་སྐོར་བཏང་བའི་ཉེས་བཙུགས་ཕོག་ཡོད་པ་རེད།
འགྲོ་བ་མིའི་ཐོབ་ཐང་གི་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་ཤའ་ལིན་ལ་ཁྲིམས་བཅད་དེའི་ཐད་རྣམ་པ་བསྟན་ཡག་ལ། མགོ་སྐོར་བཏང་བའི་གྱོད་དོན་ཟེར་བར་ཁ་གཡར་ཏེ་དོན་དུ་ཤའ་ལིང་གིས་འགྲོ་བ་མིའི་ཐོབ་ཐང་གི་གྱོད་དོན་ལ་ཁྲིམས་རྩོད་འགན་ལེན་བྱས་པའི་རྐྱེན་ལས་ཆབ་སྲིད་ཀྱི་མགོ་གནོན་བྱས་བ་ཡིན་པའི་ངོས་འཛིན་བྱས་འདུག

གསར་འགོད་པ་འཇམ་དཔལ་ཕུན་ཚོགས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎