སླར་ཡང་མི༢༥ལ་ཚེ་བཙོན་སོགས་ཀྱི་ཁྲིམས་ཐག་བཅད་འདུག


2014.08.12
རྒྱ་ནག་གིས་ཡུ་གུར་བ་ཁག་གཅིག་འཇུ་བཟུང་གིས་ཁྲིམས་ཐག་གཅོད་བཞིན་པ། ༢༠༡༤ རྒྱ་ནག་གིས་ཡུ་གུར་བ་ཁག་གཅིག་འཇུ་བཟུང་གིས་ཁྲིམས་ཐག་གཅོད་བཞིན་པ། ༢༠༡༤
པར། དྲ་བཤུས།

ཤིན་ཅང་ས་གནས་གཞུང་གི་ཁྲིམས་ཁང་ཞིག་གིས་སླར་ཡང་མི་༢༥ལ་ལོ་གསུམ་ནས་ཚེ་བཙོན་བར་གྱི་ཁྲིམས་ཐག་བཅད་འདུག
ཚེས༡༢ཉིན་རོའུ་ཀྲར་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་དོན། རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་གནས་སྡོད་བྱེད་ཡུལ་ཤིན་ཅང་ནང་དུ་དྲག་པོའི་ཟིང་ཆའི་དོན་རྐྱེན་བྱུང་རིགས་ཁ་ཆེ་ཁ་བྲལ་རིང་ལུགས་པའི་བྱ་སྤྱོད་ཡིན་པ་ཉེས་བཙུགས་བྱེད་བཞིན་ཡོད། འོན་ཀྱང་ཡུ་གུར་མི་རིགས་ཀྱིས་ཤིན་ཅང་དེ་ནི་ཤར་ཏུར་ཀི་སི་ཐན་ཡིན་པ་བརྗོད་དེ་རང་བཙན་ཞིག་ཏུ་མངོན་འགྱུར་ཡོང་ཐབས་བྱེད་ཀྱི་ཡོད་པ་རེད།
དེ་རིང་རྒྱ་ནག་མི་དམངས་ཁྲིམས་ཁང་གི་ཉིན་རེའི་གསར་ཤོག་ཐོག་ལ། མི་༢༥ དེ་དག་གིས་ཤིང་ཅང་གི་འཇིགས་སྐུལ་དྲག་སྤྱོད་ཤོག་ཁག་གི་སྒྲིག་འཛུགས་བཟོས་པ་དང། འགོ་ཁྲིད་པ་དང་མཉམ་ཞུགས་བྱས་པ་བཅས་ཀྱི་ནག་ཉེས་བསགས་ཡོད་པའི་གསལ་བསྒྲགས་བྱས་ཡོད་པ་མ་ཟད། ཁོང་ཚོས་ཁ་ཆེའི་ཆོས་སྲུང་སྐྱོབ་ཀྱི་དམག་བརྒྱུད་སྐུལ་བྱེད་པ་དང་དྲག་པོའི་བྱ་སྤྱོད་སྤེལ་ཏེ། ཁོ་ཚོའི་ནང་གི་ཤོག་ཁག་ཅིག་གིས། ཉེན་རྟོག་པའི་ལས་ཁུངས་དང་གཞུང་གི་ལས་ཁུངས་ཐོག་དྲག་པོའི་གཏོར་རྒོལ་གཏོང་བའི་ཆེད་དུ་གྲི་དང་འབར་རྫས་ཀྱི་རྒྱུ་ཆ་ཉོ་སྒྲུབ་ཀྱི་འགན་འཁྱེར་ཡོད་པ་དང། དེ་མིན་གྱི་ཤོག་ཁག་གཞན་ཚོས་ཆོས་སྲུང་སྐྱོབ་དམག་གི་དོན་དུ་དཔལ་འབྱོར་གསོག་སྒྲུབ་དང་དྲག་པོའི་ཟིང་ཆའི་ནང་ཚུད་པ་ཚོ་ཕྱི་ཕྱོགས་སུ་བྲོས་བྱོལ་དུ་གཏོང་ཐབས་རོགས་རམ་གྱི་འགན་འཁུར་ཡོད་པའི་སྐོར་བཀོད་ཡོད་པ་རེད། ད་རེས་བསྐྱར་ཏུ་ཉེས་མིང་བཙུགས་པའི་མི་༢༥ཚང་མ་ཡུ་གུར་བ་ཡིན་ཞིང་། རྒྱ་ནག་གཞུང་གིས་ཡུ་གུ་བར་ཚོའི་ཆོས་ལུགས་ཐོག་དམ་བསྒྲགས་བྱེད་པ་སོགས་ཤིན་ཅང་ནང་དུ་འཛིན་པའི་དྲག་གནོན་གྱི་སྲིད་ཇུས་དེའི་ཐོག་ནས་ཤིང་ཅང་ནང་དུ་དྲག་པོའི་ཟང་ཟིང་གི་དོན་རྐྱེན་རིམ་པ་ཐོན་པའི་བྱུང་རྐྱེན་ཡིན་པ་བཙན་བྱོལ་དུ་ཡོད་པའི་ཡུ་གུར་ཚོགས་པ་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་སྐྱོན་བརྗོད་གནང་གི་ཡོད་པ་རེད།

གསར་འགོད་པ་ཉི་མ་གཡུ་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎