རྒྱ་ནག་སོགས་ནས་ཕྱིར་འཐེན་བྱེད་མཁན་བཟོ་ཚོང་ལས་ཁང་ཁག་ལ་རྒྱ་གར་གྱིས་ས་ཆ་མཁོ་སྤྲོད།


2020.05.05
རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་རྒྱལ་སྤྱིའི་གནམ་ཐང་། རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་རྒྱལ་སྤྱིའི་གནམ་ཐང་།
Lhuboom/RFA

རྒྱ་ནག་ནས་ཕྱིའི་བཟོ་ཚོང་ལས་ཁང་མང་པོ་ཕྱིར་འཐེན་བྱེད་བཞིན་པའི་སྐབས་རྒྱ་གར་གཞུང་གིས་རྒྱ་གར་ནང་ཕྱིའི་བཟོ་ཚོང་ལས་ཁང་འཛུགས་ཆེད་ས་ཆ་རྒྱ་ཆེན་པོ་མཁོ་སྤྲོད་བྱེད་རྒྱུ་ཡིན་འདུག
དེང་སང་རྒྱ་ནག་ཝུའུ་ཧན་ནས་མཆེད་པའི་ཏོག་དབྱིབས་ནད་ཡམས་དང་འབྲེལ་བའི་གནད་དོན་འདྲ་མིན་རྐྱེན། རྒྱ་ནག་ནང་མ་རྩ་བཙུགས་ཏེ་ཚོང་ལས་གཉེར་མཁན་གྱི་རྒྱལ་ཁབ་མང་པོས་བཟོ་ཚོང་ལས་ཁང་མང་པོ་རྒྱ་ནག་ནས་ཕྱིར་འཐེན་བྱས་དང་བྱེད་བཞིན་པའི་སྐབས་འདིར་རྒྱ་གར་གཞུང་གིས་གོ་སྐབས་དམ་འཛིན་བྱེད་བཞིན་ཡོད་པ་དང་། མིང་འདོན་བྱེད་འདོད་མེད་པའི་འབྲེལ་ཡོད་མི་སྣ་ཁག་ཅིག་ནས་འགྲེལ་བརྗོད་བྱས་བ་ལྟར་ན། ཕྱིའི་བཟོ་ཚོང་ལས་ཁང་ཁག་གིས་རྒྱ་གར་ནང་མ་རྩ་བཙུགས་ཏེ་བཟོ་ཚོང་ལས་ཁང་གསར་འཛུགས་བྱེད་རྒྱུར་ས་ཆའི་རྒྱ་ཁྱོན་(Luxembourg)་ཞེས་པའི་ཡོ་རོབ་ཀྱི་རྒྱལ་ཁབ་དེའི་རྒྱ་ཁྱོན་ཙམ་ཞིག་མཁོ་སྤྲོད་བྱེད་འཆར་ཡོད་པ་དང་། དེའི་ནང་རྒྱ་གར་ལྷོ་ཕྱོགས་ཨན་ཌི་ར་(Andhara)་དང་། དེ་བཞིན་གྷོ་ཇུ་ར་ཐི་(Gujarat) ཏ་མལ་ན་ཐོ་(Tamil Naidu) མ་ར་སི་ཊ་(Maharashtra)་སོགས་མངའ་སྡེ་ཁག་ཅིག་ནང་ས་ཆའི་རྒྱ་ཁྱོན་ཨེར་ཀར་༡༡༥༡༣༡་ཙམ་ཆགས་ཀྱི་ཡོད་འདུག
རྩ་བའི་ཆ་ནས་རྒྱ་གར་ནང་ཁྲིམས་ཀྱི་འགྲོ་སྟངས་ཀྱི་ཐོག་ནས་གཞུང་གི་ངོས་ནས་ཕྱི་ཕྱོགས་ནས་མ་རྩ་འཛུགས་རྒྱུ་དང་། ས་ཆ་ཉོ་ཚོང་བྱ་རྒྱུར་འགོག་རྐྱེན་དང་ལས་ཁུངས་མང་པོ་ཞིག་བརྒྱུད་དགོས་ཀྱི་ཡོད་པ་སོགས་ཀྱིས་དམིགས་བསལ་ཕྱིའི་རྒྱལ་ཁབ་ཁག་ནས་བཟོ་གྲྭ་འཛུགས་རྒྱུར་དཀའ་ངལ་འཕྲད་ཀྱི་ཡོད་པ་རེད། འོན་ཀྱང་ཉེ་བའི་ཆར་སྲིད་བློན་མོ་དྷི་ལགས་ཀྱིས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཚོ་དང་མཉམ་དུ་ཚོགས་འདུ་ཚོགས་པའི་སྐབས། མངའ་སྡེ་རང་རང་སོ་སོའི་ནང་ཚོང་ལས་གཉེར་རྒྱུའི་ཆེད་བཟོ་གྲྭ་འཛུགས་ཕྱོགས་ཀྱི་དགོས་མཁོར་གཞིགས་པའི་ཞིབ་འཇུག་བྱེད་དགོས་ལུགས་གསུངས་ཡོད་པ་དང་། ཕྱིའི་རྒྱལ་ཁབ་དཔེར་ན། ཨ་རི་དང་ལྷོ་ཀོ་རི་ཡ། ཉི་ཧོང་། རྒྱ་ནག་བཅས་ནས་ཀྱང་བཟོ་ཚོང་ལས་ཁང་མང་པོ་ཞིག་རྒྱ་གར་ནང་སྤོ་བྱེད་རྒྱུའི་འདུན་པ་བཏོན་བཞིན་ཡོད་པ་བཅས་ཀྱིས། ད་ཆ་ཏོག་དབྱིབས་ནད་ཡམས་ཀྱི་གནད་དོན་དེས་རྐྱེན་པས་རྒྱ་གར་ནང་བཟོ་ཚོང་ལས་ཁང་འཛུགས་མཁན་ཇེ་མང་དུ་འགྲོ་རྒྱུའི་རེ་བ་ཡོད་པ་དེའི་གོ་སྐབས་རྒྱ་གར་གཞུང་ནས་དམ་འཛིན་གྱི་ཐོག ས་ཆ་མཁོ་སྤྲོད་བྱེད་རྒྱུ་དང་ཡིག་ཆ་སོགས་ཞུ་སྤྲོད་བྱེད་རྒྱུ་བཅས་གང་ཅིའི་ཐོག་ལྷུག་ཏུ་གཏོང་རྒྱུའི་འཆར་གཞི་ཡོད་པའི་དགོངས་ཚུལ་བཏོན་ཡོད་འདུག གནད་དོན་འདིའི་སྐོར་རྒྱ་གར་གྱི་ཚོང་འབྲེལ་དང་བཟོ་ཚོང་ལས་དོན་ཚན་པའི་ལྷན་ཁང་ལ་གསར་འགྱུར་ལས་ཁང་ནས་འདྲི་རྩད་བྱེད་པའི་སྐབས་འབྲེལ་བ་བྱེད་ཐུབ་མེད་ལུགས་ཀྱང་བཀོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎