རྒྱ་ནག་གཞུང་གིས་རྒྱལ་ནང་བདེ་སྲུང་གི་འགྲོ་གྲོན་སྤར་འདུག


2017.03.06
ལྷོ་ཁ་ཕྱོགས་སུ་རྒྱ་ནག་གི་ཉེན་རྟོག་པའི་རླངས་འཁོར་རུ་སྒྲིག་བྱེད་བཞིན་པ། ལྷོ་ཁ་ཕྱོགས་སུ་རྒྱ་ནག་གི་ཉེན་རྟོག་པའི་རླངས་འཁོར་རུ་སྒྲིག་བྱེད་བཞིན་པ།
XZSNW.com

རྒྱ་ནག་གཞུང་གིས་སྤྱི་ལོ་༢༠༡༧་ལོར་རྒྱ་ནག་ནང་བདེ་འཇག་སྲུང་སྐྱོབ་ཀྱི་ལས་དོན་ཆེད་འགྲོ་གྲོན་བརྒྱ་ཆ་༧་སྤར་རྒྱུ་ཡིན་འདུག
དེ་ཡང་ཕྱི་ཚེས་༦་ཉིན་Reuters་གསར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། སྤྱི་ལོ་༢༠༡༧་ལོའི་ནང་རྒྱ་ནག་གཞུང་གིས་རྒྱ་ནག་ནང་བདེ་འཇག་སྲུང་སྐྱོབ་ལས་དོན་གྱི་འགྲོ་གྲོན་བརྒྱ་ཆ་༧་སྤར་ནས་ཁྱོན་རྒྱ་སྒོར་ཕྲག་ཁྲིག་ཆེན་མོ་1.044་སྤར་རྒྱུ་ཡིན་སྐོར་བསྒྲགས་འདུག
འདི་ནི་རྒྱ་ནག་གི་ལོ་འཁོར་སྙན་ཐོའི་ནང་དེ་སྔའི་གྲངས་ཀ་དེ་གཅོག་འཕྲི་བྱས་པ་ཞིག་བྱུང་སྟེ་དམག་དོན་ཀྱི་འགྲོ་གྲོན་ཐད་ཕྱི་གསལ་ནང་གསལ་ཡིན་མིན་ཐད་ལ་དོགས་འདྲི་བྱས་པའི་རྗེས་གནས་ཚུལ་ཕྱིར་བསྒྲགས་བྱས་པ་ཞིག་ཡིན་པ་རེད། རྒྱ་ནག་གི་སྔོན་རྩིས་འགྲོ་གྲོན་སྤར་འཆར་ཀྱི་གྲངས་འབོར་དེའི་ཐད་འཛམ་གླིིང་ཁྱོན་ཡོངས་ཀྱིས་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་པ་དང་། དེའི་རྒྱུ་མཚན་གཙོ་བོ་ནི་རྒྱ་ནག་གི་ཐབས་ཇུས་སྐོར་ཀྱི་གནད་དོན་ཞིག་ཆགས་ཡོད་པ་རེད། ཡིན་ནའང་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་དལ་དུ་ཕྱིན་ནས་ལོ་གཅིག་ནང་དམིགས་ཚད་བརྒྱ་ཆ་༦.༥་ལེན་དགོས་པ་ཞིག་ཆགས་ནས་ད་ལོ་བཏོན་པའི་གྲངས་ཀ་འདི་ནི་ལོ་བཅུ་ཕྲག་ནང་གི་ཆེས་ཉུང་ཤོས་དེ་ཡིན་པ་རེད།
གོང་ཞུས་གནས་ཚུལ་འདི་ནི་རྒྱ་ནག་གི་ཆབ་སྲིད་གྲོས་ཚོགས་ཀྱི་མགྲིན་ཚབ་པ་Fu Ying ཞུ་བས་རེས་གཟའ་སྤེན་པ་ཉིན་གསལ་སྟོན་གནང་ཡོད་ནའང་རྒྱ་ནག་དཔལ་འབྱོར་ལྷན་ཁང་གིས་རེས་གཟའ་ཉི་མའི་ཉིན་གྱི་ཆབ་སྲིད་གྲོས་ཚོགས་ཀྱི་ལོ་འཁོར་ཚོགས་འདུ་དབུ་འབྱེད་སྟེང་གི་སྙན་ཐོའི་ནང་བསྒྲགས་མེད་པ་རེད། ཡིན་ནའང་རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ལས་ཁང་གིས་མིང་བཏོན་གནང་འདོད་མེད་པའི་དཔལ་འབྱོར་ལྷན་ཁང་གི་དཔོན་རིགས་མི་སྣ་ཞིག་ནས་བརྗོད་པ་ལུང་འདྲེན་གནང་སྟེ་གོང་ཞུས་གྲངས་ཀ་དེ་བཏོན་པའི་ཐོག་འགྲོ་སོང་དེས་གཙོ་བོར་རྒྱལ་ཡོངས་ཀྱི་བདེ་འཇགས་སྲུང་སྐྱོབ་དམ་ཟབ་ཏུ་གཏོང་རྒྱུ་དང་། དམག་དོན་ལེགས་བཅོས་བཅས་ལ་རྒྱབ་སྐྱོར་ཆེད་དུ་གཏོང་རྒྱུ་རེད་ཅེས་བརྗོད་པ་ལས་དེའི་སྐོར་ཀྱི་ཞིབ་ཕྲའི་གནས་ཚུལ་ཁ་གསལ་གང་ཡང་བཏོན་མེད་པ་རེད།

གསར་འགོད་པ་གུ་རུ་ཆོས་སྐྱིད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎