༸གོང་ས་མཆོག་ནས་བོད་ནང་གི་གནས་སྟངས་སྐོར་གསུང་གླེང༌།

བོད་ནང་གི་གནས་སྟངས་ཛ་དྲག་ཡོད་པ་དང་གཞིས་ལུས་བོད་མི་ཚོ་ཉིན་ལྟར་འཇིགས་སྣང་དང་དངངས་བསྐྲག་ཆེན་པོའི་འོག་སྡོད་དགོས་ཀྱི་ཡོད་པ།

2008.11.02

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེང་སྐབས་ཉི་ཧོང་ནང་ཆིབས་བསྒྱུར་བསྐྱངས་ཡོད་སྟབས་ཁ་ས་གསར་འགོད་པ་ཚོར་༸གོང་ས་མཆོག་གིས་བོད་ནང་གི་གནས་སྟངས་ཛ་དྲག་ཡོད་པ་དང་གཞིས་ལུས་བོད་མི་ཚོ་ཉིན་ལྟར་འཇིགས་སྣང་དང་དངངས་བསྐྲག་ཆེན་པོའི་འོག་སྡོད་དགོས་ཀྱི་ཡོད་པའི་སྐོར་བཀའ་གནང་འདུག

༸གོང་ས་མཆོག་གི་སྐུ་ཚབ་རྣམ་པ་རྒྱ་ནག་ནང་བོད་རྒྱ་འབྲེལ་མོལ་ཐེངས་བརྒྱད་པ་དེ་གནང་བར་ཕེབས་པའི་དུས་ཚོད་དང་སྐབས་མཚུངས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ད་རེས་ཉི་ཧོང་ནང་གཟའ་འཁོར་གཅིག་རིང་ཁུལ་དེའི་གཙུག་ལག་སློབ་གྲྭ་ཆེ་ཁག་ནང་བཀའ་སློབ་དང་ཆོས་འབྲེལ་མཛད་འཆར་ཁག་བསྐྱངས་གནང་མཛད་བཞིན་ཡོད་པ་རེད། རྒྱལ་ས་ཀྲོག་ཡོའི་ནང་༸གོང་ས་མཆོག་ནས་གསར་འགོད་པ་ཚོར་གནའ་རབས་ཀྱི་རིག་གཞུང་དང་ལོ་རྒྱུས་ཡོད་པའི་བོད་རྒྱལ་ཁབ་དེ་བཞིན་ད་ཆ་ཆགས་འཇིགས་ཀྱི་ཉེན་ཁ་ཐུག་ཡོད་པ་དང་ད་ལྟའི་སྐབས་དེར་བོད་ཁྱོན་ཡོངས་ཀྱི་ནང་རྒྱ་ནག་གི་དྲག་པོའི་དབང་སྒྱུར་གྱི་ཁྲིམས་གཞི་དམ་པ་ལྟ་བུའི་གནས་སྟངས་འོག་བོད་མི་ཚོ་ཉིན་ལྟར་འཇིགས་སྣང་དང་དངངས་འཚབ་ཆེན་པོའི་འོག་གནས་བཞིན་ཡོད་པ་མ་ཟད་རྒྱ་ནག་གིས་རྒྱལ་གཅེས་སློབ་གསོའི་ལས་འགུལ་ཤུགས་ཆེ་སྤེལ་གྱི་ཡོད་པ་དེས་བོད་མི་ཚོར་སྡུག་བསྔལ་ཆེན་པོ་བཟོ་བཞིན་ཡོད་པའི་སྐོར་བཀའ་གནང་བཞག

དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཉི་ཧོང་ནང་གི་གསར་འགོད་པ་ཚོར་རྒྱ་ནག་མཉམ་ད་ནས་བཟུང་འབྲེལ་བ་གནང་ཕྱོགས་ཐད་བྱེད་ཐབས་གང་དང་གང་ཡོད་མེད་སྐོར་མང་ཚོགས་ཀྱིས་དོ་སྣང་བྱས།འཁུར་མཉམ་ལེན་གྱིས་འགྱངས་འཐེན་ཕུགས་གསུམ་གྱི་བསམ་བློ་གཏང་ནས་གོ་བསྡུར་བྱ་རྒྱུའི་དོན་དུ་ཟླ་བ་འདིའི་ཚེས་བཅུ་བདུན་ཉིན་བོད་དོན་སྐོར་དམིགས་བསལ་ལྷན་ཚོགས་ཤིག་བཀོང་ཚོགས་གནང་རྒྱུ་ཡིན་སྐོར་བཀའ་གནང་སྟེ་དམངས་གཙོའི་ལམ་ལུགས་འོག་མང་ཚོགས་ཀྱི་མངོན་འདོད་རེ་བ་དང་བསམ་འཆར་ཁག་གསལ་བཏོན་ཐུབ་རྒྱུ་ཡིན་པ་དང་རྒྱ་ནག་དབུས་གཞུང་དང་འབྲེལ་ལམ་ཐད་མགོན་པོ་གང་ཉིད་སྐབས་ཅིག་རིང་ཐད་ཀར་ཐུགས་འགན་མ་བཞེས་པར་བར་གནས་སུ་བཞུགས་རྒྱུ་ཡིན་པ་ལས་ཐུགས་འགན་ཆ་ཚང་གློད་གཏོང་གནང་རྒྱུ་མིན་སྐོར་བཀའ་གནང་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎