རྒྱ་ནག་གིས་googleཁེ་གཉེར་ལས་ཁང་ལ་སྐྱོན་བརྗོད་བྱས་འདུག


2015.04.02
རྒྱ་ནག་ནང་གི་googleཁེ་གཉེར་ལས་ཁང་། རྒྱ་ནག་ནང་གི་googleཁེ་གཉེར་ལས་ཁང་།
དྲ་བཤུས།

རྒྱ་གཞུང་གི་དྲ་རྒྱའི་ལས་ཁུངས་དང་ཨ་མི་རི་ཀའི་Googleཁེ་གཉེར་ལས་ཁང་གཉིས་དབར་མི་མཐུན་པའི་རྩོད་རྙོག་ཡོང་བཞིན་པ།
དེ་ཡང་CNNICཞེས་རྒྱ་ནག་གཞུང་གི་དྲ་རྒྱའི་ལས་ཁུངས་ཀྱིས་དྲ་རྒྱ་སྲུང་སྐྱོབ་ཀྱི་ཁྲིམས་གཞིར་བརྩི་མེད་རྡོག་རོལ་བཏང་བའི་རྗེས་སུ་Googleཁེ་གཉེར་ལས་ཁང་གིས་རྒྱ་གཞུང་གི་དྲ་རྒྱའི་ལས་ཁུངས་ཀྱི་དབང་ཆར་ངོས་ལེན་བྱ་རྒྱུ་མིན་པའི་ཐག་གཅོད་བྱས་ཡོད་པ་དང་། དེ་རིང་རྒྱ་གཞུང་གིས་ངོས་ལེན་བྱེད་མི་ཐུབ་པ་དང་གསལ་པོ་མེད་ཚུལ་སྐྱོན་བརྗོད་དྲག་པོ་བྱས་འདུག དེ་ནི་རྒྱ་ནག་གི་རྒྱལ་ས་པེ་ཅེན་ནང་གི་རྒྱ་གཞུང་གི་དྲ་རྒྱའི་ལས་ཁུངས་དང་ཨ་མི་རི་ཀའི་Googleཁེ་གཉེར་ལས་ཁང་གཉིས་དབར་མི་མཐུན་པའི་རྩོད་རྙོག་དང་། དངངས་འཚབ་ཇེ་ཆེར་འགྲོ་བཞིན་པའི་རྟགས་མཚན་ཞིག་ཡིན་པ་རེད། ཕྱི་ལོ་༢༠༡༠་ལོར་རྒྱ་ནག་གཞུང་གིས་ཞིབ་བཤེར་བྱས་པའི་གནད་དོན་ཐོག་ཨ་རིའི་ནུབ་ཕྱོགས་མངའ་སྡེ་ཀི་ལི་ཕོར་ནི་ཡའི་ནང་རྟེན་གཞི་བྱས་པའི་Googleཁེ་གཉེར་ལས་ཁང་གིས་རང་གི་བཟོ་རྩལ་རིག་གནས་རྒྱ་ནག་ནས་ཕྱིར་འཐེན་བྱས་པ་ནས་བཟུང་Googleདང་རྒྱ་ནག་གཉིས་དབར་མི་མཐུན་པའི་རྩོད་རྙོག་བྱུང་བ་དེ་མུ་མཐུད་ནས་གནས་ཡོད་པ་མ་ཟད། སྔ་ལོ་རྒྱ་གཞུང་གིས་Googleཡི་སྙན་གྲགས་ཆེ་བའི་Gmailཞེས་གནས་འཕྲིན་དྲ་རྒྱ་ཡང་བཀག་འགོག་བྱས་པ་རེད་ལ། ད་ཆ་རྒྱ་ནག་གིས་དྲ་རྒྱའི་ཐོག་ཞིབ་བཤེར་ནན་པོ་བྱ་རྒྱུའི་ཆེད་གཞི་རྒྱ་ཆེ་ལ་མགོ་རྙོག་ཆེ་བའི་ལམ་ལུགས་Great Fire Wallཞེས་པ་ལག་ལེན་བསྟར་གྱི་ཡོད་རེད། ད་རེས་Googleཡིས་རྒྱ་གཞུང་གི་དྲ་རྒྱའི་ལས་ཁང་ལ་ངོས་ལེན་མེད་པའི་གསལ་བསྒྲགས་བྱས་པ་བཞིན་དུ་Microsoftདང་། Mizollaཞེས་སྙན་གྲགས་ཆེ་བའི་Firebox ཟེར་བའི་དྲ་རྒྱ་འཚོལ་ཞིབ་ཀྱི་སྦྱིན་བདག་གཉིས་ཀྱིས་ཀྱང་རྒྱ་གཞུང་གི་དྲ་རྒྱའི་ལས་ཁང་ལ་ཡིད་ཆེས་མི་འཐོབ་རྒྱུའི་གསལ་བསྒྲགས་ཀྱང་བྱས་ཡོད་འདུག

གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎