རྒྱ་ནག་ནང་ཕྲུ་གུ་གཅིག་ལས་སྐྱེས་མི་ཆོག་པའི་སྲིད་ཇུས་མཇུག་སྒྲིལ་བ།


2015.10.29
འཆར་ལྡན་བུ་སྐྱེས་ཀྱི་སྲིད་བྱུས་གསར་པ། པེ་ཅིང་སྨན་ཁང་ནང་།
AFP

རྒྱ་ནག་ནང་བཟའ་ཚང་གཅིག་ལ་ཕྲུ་གུ་གཅིག་ལས་སྐྱེས་མི་ཆོག་པའི་སྲིད་ཇུས་མཇུག་སྒྲིལ་བྱ་རྒྱུ་ཕྱིར་བསྒྲགས་བྱས་འདུག
དེ་ཡང་རྒྱ་ནག་ནང་བཟའ་ཚང་གཅིག་ལ་ཕྲུ་གུ་གཅིག་ལས་སྐྱེས་མི་ཆོག་པའི་འཆར་ལྡན་བུ་བཙའི་སྲིད་ཇུས་དེ་ལག་བསྟར་བྱས་ནས་ལོ་ངོ་བཅུ་གྲངས་ཁ་ཤས་ཕྱིན་ཡོད་ཅིང་། ད་རེས་ཕྱི་ཚེས་༢༦ནས་༢༩བར་ཚོགས་པའི་རྒྱ་ནག་གུང་ཁྲན་ཚོགས་པའི་སྐབས་བཅོ་བརྒྱད་པའི་ཚོགས་ཐེངས་ལྔ་པའི་ཐོག རྒྱ་ནག་རྒྱལ་ཡོངས་སུ་བཟའ་ཚང་གཅིག་ལ་ཕྲུ་གུ་གཉིས་སྐྱེས་ཆོག་པའི་སྲིད་ཇུས་གཏན་འབེབས་བྱས་ནས་རྒྱ་ནག་ནང་མི་འབོར་ལོ་ན་རྒས་ཅན་དུ་འགྱུར་བཞིན་པའི་གནས་སྟངས་ལ་གདོང་ལེན་བྱ་རྒྱུའི་ཐག་གཅོད་བྱས་ཡོད་འདུག
རྒྱ་ནག་གཞུང་གིས་འདས་པའི་ལོ་ངོ་བཅུ་གྲངས་ཁ་ཤས་རིང་རྒྱ་ནག་ནང་བཟའ་ཚང་གཅིག་ལ་ཕྲུ་གུ་གཅིག་ལས་སྐྱེས་མི་ཆོག་པའི་འཆར་ལྡན་བུ་བཙའི་སྲིད་ཇུས་འཛིན་པ་དེས་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་རྒྱུའི་ཐབས་ལམ་ཞིག་ཡིན་པར་ངོས་འཛིན་བྱས་ཡོད། ཡིན་ན་ཡང་སྲིད་ཇུས་དེའི་འོག་རྒྱ་ནག་གི་མི་འབོར་འཛམ་གླིང་ནང་ནས་མང་ཤོས་ཀྱི་གནས་སྟངས་དེར་འགྱུར་བ་བཏང་ཐུབ་མེད་པའི་ཁར་མི་འབོར་ལོ་ན་རྒས་པའི་གྲངས་འབོར་ཇེ་མང་དུ་ཕྱིན་ཡོད་པ་མ་ཟད། ཕོ་མོའི་གྲངས་འབོར་འཁོད་སྙོམས་མེད་པའི་གནས་སྟངས་ཇེ་སྡུག་དུ་ཕྱིན་ནས་ངལ་རྩོལ་བའི་ནུས་ཤུགས་ཀྱི་ཚད་གཞི་ཇེ་ཞན་དུ་ཕྱིན་ཡོད་པར་བརྟེན་༢༠༡༣ལོར་རྒྱ་ནག་གཞུང་གིས་རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་ནང་བཟའ་ཚང་གཅིག་ལ་ཕྲུ་གུ་གཅིག་ལས་སྐྱེས་མི་ཆོག་པའི་སྲིད་ཇུས་ལྷུག་ཏུ་བཏང་ནས་ཕྲུ་གུ་གཉིས་སྐྱེས་ཆོག་པ་གཏན་འབེབས་བྱས་ཡོད་ཀྱང་གྲོང་ཁྱེར་ཆེ་ཁག་ནང་སྲིད་ཇུས་དེ་དངོས་སུ་ལག་བསྟར་བྱེད་མཁན་ཉུང་ཤས་ཡིན་སྟབས་ད་རེས་གཟའ་ཕུར་བུའི་ཉིན་རྒྱ་ནག་གཞུང་གིས་རྒྱལ་ཡོངས་སུ་བཟའ་ཚང་གཅིག་ལ་ཕྲུ་གུ་གཉིས་སྐྱེས་ཆོག་པའི་གཏན་འབེབས་དངོས་སུ་ཕྱིར་བསྒྲགས་བྱས་ཡོད་པ་རེད།     

གསར་འགོད་པ་འཆི་མེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎