རྒྱ་ནག་པེ་ཅིང་གི་རང་དབང་གློག་བརྙན་དུས་སྟོན་བཀག་འདུག


2014.08.25
རྒྱ་ནག་པེ་ཅིང་གི་རང་དབང་གློག་བརྙན་དུས་སྟོན་གྱི་ཁྱབ་བསྒྲགས། རྒྱ་ནག་པེ་ཅིང་གི་རང་དབང་གློག་བརྙན་དུས་སྟོན་གྱི་ཁྱབ་བསྒྲགས།
དྲ་བཤུས།

རྒྱ་ནག་གིས་པེ་ཅིང་རང་དབང་གློག་བརྙན་དུས་སྟོན་བཀག་ནས་གོ་སྒྲིག་བྱེད་མཁན་གཉིས་དོ་དམ་བཀག་ཉར་བྱས་པ་རེད།
དེ་ཡང་རྒྱ་ནག་གི་ཉེན་རྟོག་པས་པེ་ཅིང་རང་དབང་གློག་བརྙན་དུས་སྟོན་ཐེངས་༡༡ གོ་སྒྲིག་བྱེད་མཁན་Li Xianting དང། Wang Hongwei གཉིས་རེས་གཟའ་སྤེན་པའི་ཉིན་འཇུ་བཟུང་བྱས་པ་མ་ཟད། གློག་བརྙན་གྱི་དུས་སྟོན་བཙན་དབང་གི་སྒོ་རྒྱབ་ཏུ་བཅུག་ཡོད་ཅིང། Li Xianting གིས་ཕེ་སན་སི་གསར་འགྱུར་ལས་ཁང་ལ། ཁོང་གཉིས་གཟའ་སྤེན་པའི་དགོང་དྲོ་གློད་བགྲོལ་བཏང་ཡོད་པ་དང། འོན་ཀྱང་གསར་འགོད་པར་གནས་ཚུལ་ཞིབ་ཕྲ་ཤོད་བདེ་པོ་མེད་པའི་སྐོར་བཤད་ཡོད་པ་རེད། Li Xianting ནི་གློག་བརྙན་ཞིབ་འཇུག་པ་ཞིག་ཡིན་པ་དང། ཁོང་རང་གི་མིང་བཏགས་པའི་Li Xianting གློག་བརྙན་ཐེབས་རྩ་ཞེས་པ་ཞིག་གསར་འཛུགས་བྱས་ཡོད་པ་དང། Wang Hongwei ནི་གློག་བརྙན་དུས་སྟོན་གྱི་སྒྱུ་རྩལ་ཇུས་བཀོད་འགན་འཛིན་ཡིན་ཞིང། Wang Hongwei ནས་ཀྱང་ཕེ་རིན་གསར་འགྱུར་ལས་ཁང་ལ། ཉེན་རྟོག་པས་གློག་བརྙན་ཁང་གི་ལས་མི་དང་གློག་བརྙན་དུས་སྟོན་ལ་ཡོང་མཁན་རྣམས་བཀག་འགོག་བྱས་ཏེ་བཙན་དབང་གིས་དུས་སྟོན་མེད་པ་བཟོས་པའི་སྐོར་ངོ་སྤྲོད་བྱས་ཡོད་པ་རེད། ཁོང་གཉིས་ཀྱི་གློག་བརྙན་དུས་སྟོན་ག་དུས་ཚོགས་ཀྱང་རྒྱ་ནག་གཞུང་གིས་དཀའ་ངལ་བཟོ་བ་ཡིན་ཞིང། ༢༠༡༢ ལོའི་དུས་སྟོན་སྐབས་རྒྱ་ནག་གཞུང་གིས་དམ་དྲག་ཆེན་པོ་བྱས་ཀྱང་རྒྱ་ནག་གཞུང་གི་གསར་འགྱུར་བརྒྱུད་ལམ་ཁག་གིས། གློག་ཆད་ནས་དུས་སྟོན་ཚུགས་མ་ཐུབ་པའི་སྐོར་རྒྱང་བསྲིངས་བྱས་པ་མ་ཟད། ན་ནིང་གློག་བརྙན་དུས་སྟོན་སྒོ་འབྱེད་ཉིན་རྒྱ་ནག་གཞུང་གིས་དཀའ་ངལ་བཟོས་པའི་གནས་ཚུལ་བྱུང་ཡོད་པ་རེད། གནས་ཚུལ་དབྱེ་ཞིབ་པས། སྲིད་འཛིན་Xi Jinping གིས་ལྐོག་ཟ་རུལ་སུང་ལ་རྡུང་རྡེག་གཏོང་རྒྱུའི་ཁས་ལེན་བྱས་ཡོད་ཀྱང་དོན་དངོས་ཐོག་གཞུང་དང་དམིགས་ཡུལ་གཅིག་པ་བཟུང་མཁན་རྒྱ་ནག་གི་ལྐོག་ཟ་རུལ་སུང་ལ་སྐྱོན་བརྗོད་བྱེད་མཁན་སྒེར་གྱི་ལས་འགུལ་པའི་ཐོག་ལ་རྡུང་རྡེག་བཏང་སྟེ། དཔེར་ན་འདི་ལོ་གཞུང་གི་དཔོན་རིགས་ལྐོག་ཟ་རུལ་སུང་བ་རྣམས་ཐེར་འདོན་བྱ་དགོས་ཟེར་ཞི་བའི་ལས་འགུལ་སྤེལ་མཁན་རྒྱ་ནག་གི་མི་རབས་གསར་པའི་ལས་འགུལ་བའི་ཚོགས་མི་༡༠ བཙོན་འཇུག་བྱས་པ་སོགས་དང་ད་རེས་རང་དབང་གློག་བརྙན་དུས་ཆེན་བཀག་འགོག་བྱས་པ་དེ་དག་གིས་རྒྱ་ནག་གཞུང་གིས་སྨྲ་བརྗོད་རང་དབང་གི་ཐོག་ལ་རྡུང་རྡེག་བཏང་པའི་བྱ་སྤྱོད་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

གསར་འགོད་པ་ཉི་མ་གཡུ་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎