ལ་དྭགས་སུ་རྒྱའི་དམག་མིས་ཧམ་འཛུལ་བྱས་དོན་ལ་ལན་འདེབས།

ལ་དྭགས་ས་ཁུལ་ནང་རྒྱ་མིའི་དམག་མི་ཧམ་འཛུལ་བྱས་པའི་གནས་ཚུལ་ཐོན་བཞིན་པ་དེ་དག་བདེན་པ་མིན་ལུགས་རྒྱ་ནག་གིས་བརྗོད་འདུག

2011.01.11

༄༅༎སྔ་ལོ་སྟོན་དུས་སུ་རྒྱ་གར་བྱང་ཕྱོགས་ལ་དྭགས་ས་ཁུལ་ནང་རྒྱ་མིའི་དམག་མི་ཧམ་འཛུལ་བྱས་པའི་གནས་ཚུལ་བརྒྱུད་ལམ་ཁག་ནང་ཐོན་བཞིན་པ་དེ་དག་བདེན་པ་མིན་ལུགས་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱིས་གཟའ་མིག་དམར་ཉིན་བརྗོད་འདུག།

དེ་ཡང་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཚུགས་པའི་ཆར་ཅན་གྱི་གསར་འགོད་ལྷན་ཚོགས་ཞིག་གི་སྐབས་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཧོང་ལེ་ཡིས་རྒྱ་མིའི་ས་སྲུང་དམག་མི་ཚོས་རྒྱ་ནག་དང་རྒྱ་གར་ས་མཚམས་ཀྱི་ས་ཁུལ་ཁག་ཏུ་ཞི་བདེ་ལྷིངས་འཇགས་རྒྱུན་འཛིན་བྱ་རྒྱུའི་མོས་མཐུན་ཡོད་པ་དེར་རྩིས་འཇོག་བྱེད་ཀྱི་ཡོད་སྟབས་ ང་ཚོའི་དཔུང་དམག་ནས་ས་མཚམས་ཀྱི་ས་ཐིག་བརྒལ་འཛོལ་རྩ་བ་ནས་བྱས་ཡོད་པ་མ་རེད་ཅེས་བརྗོད་འདུག།

འོན་ཀྱང་གཟའ་ཟླ་བའི་ཉིན་རྒྱ་གར་གྱི་པི་ཀྲི་ཨཡི་གསར་ལས་ཁང་གིས་སྔ་ལོ་ཕྱི་ཟླ་དགུ་པའི་ནང་རྒྱ་མིའི་ས་སྲུང་དམག་མི་ལ་དྭགས་ཀྱི་རྒྱལ་ས་ ལེའི་ཁྱབ་ཁྱོངས་བདེ་མཆོག་ཅེས་པའི་ས་གནས་ཀྱི་ནང་ཧམ་འཛུལ་བྱས་ཏེ་ཁུལ་དེའི་ནང་སྤྱི་སྤྱོད་རླངས་འཁོར་བབས་ཚུགས་གསར་རྒྱག་ཀྱི་ལས་ཀ་བྱེད་མཁན་རྒྱ་གར་གྱི་ཡུལ་མི་ཚོར་ལས་དོན་མཚམས་འཇོག་དགོས་པའི་ཉེན་བརྡ་བཏང་པའི་གནས་ཚུལ་བྱུང་ཡོད་པ་བཀོད་སྤེལ་བྱས་ཡོད་ལ་ དེ་ནས་བཟུང་སྤྱི་སྤྱོད་རླངས་འཁོར་བབས་ཚུགས་ཀྱི་ལས་དོན་བར་མཚམས་བཞག་དགོས་པ་ཆགས་ཡོད་འདུག།

གནས་ཚུལ་དེ་ཐོན་རྗེས་རྒྱ་གར་ཕྱི་སྲིད་ལས་ཁུངས་ཀྱིས་གནས་ཚུལ་དེ་སེམས་འཚབ་འོས་པ་ཞིག་མིན་པ་དང་གཞི་མེད་ཀྱི་གནས་ཚུལ་ཞིག་ཡིན་པ་བརྗོད་ཅིང་ རྒྱ་གར་ཕྱི་སྲིད་ལས་ཁུངས་ཀྱིས་གསལ་བསྒྲགས་ཤིག་སྤེལ་བ་དེའི་ནང་ས་མཚམས་ཀྱི་ས་ཐིག་ངོས་འཛིན་བྱེད་ཕྱོགས་ཐད་རྒྱ་གར་དང་རྒྱ་ནག་དབར་མི་མཐུན་པ་ཡོད་པ་དེ་གསལ་རྟོགས་ངེས་པར་དགོས་ཀྱི་རེད་ཅེས་བཀོད་ཡོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎