ཨོ་བྷ་མ་མཆོག་གི་མཇལ་འཕྲད་ལ་རྒྱ་ནག་གཞུང་གིས་སྐྱོན་བརྗོད།


2016.06.16
རྒྱ་ནག་གི་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པ་Lu Kang རྒྱ་ནག་གི་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པ་Lu Kang
fmprc

འདི་ཚེས་༡༥ཉིན་ཨ་མི་རི་ཀའི་སྲིད་འཛིན་ཨོ་བྷ་མ་མཆོག་གིས་སྲིད་འཛིན་ལས་ཁུངས་ཕོ་བྲང་དཀར་པོའི་ནང་། བོད་ཀྱི་དབུ་ཁྲིད་བླ་ན་མེད་པ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་མཇལ་འཕྲད་བཀའ་མོལ་ཞུས་པ་དེར་དེ་རིང་རྒྱ་ནག་གཞུང་གིས་ངོ་རྒོལ་ཞུས་འདུག
དེ་ཡང་འདི་ཚེས་༡༥་ཉིན་ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་གིས་ཐུགས་དགྱེས་ཚོར་ཆེན་པོའི་སྒོ་ནས། སྤྱི་ནོར་༧གོང་ས་མཆོག་སྲིད་འཛིན་ལས་ཁུངས་ཕོ་བྲང་དཀར་པོའི་ནང་གུས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་པ་མ་ཟད། ཕོ་བྲང་དཀར་པོའི་Oval office་ཞེས་ཕྱི་རྒྱལ་གྱི་དབུ་ཁྲིད་རྣམས་དང་ཨ་རིའི་སྲིད་འཛིན་བར་གཞུང་འབྲེལ་མཇལ་འཕྲད་ཞུ་ས་སོགས་ལ་གཟིགས་སྐོར་ལ་གདན་འདྲེན་ཞུས་པ་དང་། དུས་ཡུན་རིང་པོར་བཀའ་མོལ་ཞུས་ཡོད་པ་རེད།
དེ་རིང་ཚེས་༡༦ཉིན་རྒྱ་ནག་གི་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པ་Lu Kang་ཡིས་ཨ་རིའི་འགོ་ཁྲིད་ཀྱིས་ཏཱ་ལའི་བླ་མ་མཆོག་རྣམ་པའི་ག་རེའི་ཐོག་ལ་མཇལ་འཕྲད་གནང་ན་ཡང་མཇལ་འཕྲད་དེས་དེ་སྔོན་ཨ་མི་རི་ཀས་བོད་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པར་ངོས་འཛིན་བྱ་རྒྱུ་དང་། བོད་རང་བཙན་ལ་རྒྱབ་སྐྱོར་བྱ་རྒྱུ་མིན་པ། དེ་བཞིན་ཁ་བྲལ་ལ་རྒྱབ་སྐྱོར་བྱ་རྒྱུ་མིན་པའི་ཁས་ལེན་དམ་བཅའ་བཞགས་པ་དེར་བརྩི་མེད་རྡོག་རོལ་བཏང་བ་ཡིན་ལུགས་རྒྱ་ནག་གི་རྒྱལ་ས་པེ་ཅིན་ནས་རྒྱུན་ལྡན་གྱི་གསར་འགོད་ལྷན་ཚོགས་ཐོག་སྐྱོན་བརྗོད་བྱས་འདུག
ཨོ་བྷ་མ་མཆོག་གིས་ཨ་རིའི་སྲིད་འཛིན་གྱི་ཐུགས་འགན་བཞེས་པ་བཟུང་བོད་ཀྱི་དབུ་ཁྲིད་བླ་ན་མེད་པ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ད་རེས་མཇལ་འཕྲད་བཀའ་མོལ་གཙོས་པའི་མཇལ་འཕྲད་ཐེངས་མ་བཞི་ཞུས་ཡོད་རེད།
སྲིད་འཛིན་ཨོ་བྷ་མཆོག་གིས་༧གོང་ས་མཆོག་ནི་འཛམ་གླིང་ནང་གི་གུས་བརྩི་ཆེན་པོ་ཞུ་ཡུལ་གྱི་སྐྱེས་ཆེན་དམ་པ་ཞིག་ཡིན་པའི་འགྲེལ་བརྗོད་ཞུ་བཞིན་ཡོད་པ་རེད། དེ་སྔ་དབུ་ཁྲིད་རྣམ་གཉིས་ཀྱི་མཇལ་འཕྲད་སྐབས་ཀྱང་རྒྱ་ནག་གཞུང་གིས་སྐྱོན་བརྗོད་བྱས་ཡོད་པ་རེད༎

གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎