བོད་ཀིརྟི་དགོན་གྱི་གྲ་གསུམ་ལ་ཉེས་ཁྲིམས་བཅད་པར་སྐྱོན་བརྗོད།

ཀིརྟི་དགོན་གྱི་གྲ་གསུམ་ལ་ཉེས་ཁྲིམས་བཅད་པར་ཨ་རི་གཙོས་པའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་རྒྱ་ནག་ལ་སྐྱོན་བརྗོད་གནང་འདུག

2011.08.31

༄༅༎རྒྱ་ནག་གིས་འདས་པའི་ཉིན་གཉིས་ནང་བོད་མདོ་སྨད་རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་གསུམ་ལ་གྲྭ་ཕུན་ཚོགས་ལགས་སྐུ་ལུས་མེར་བསྲེག་བཏང་ནས་འདས་གྲོངས་ཕྱིན་པར་རོགས་པ་བྱས་པའི་ཉེས་མིང་བཙུགས་ཏེ། ལོ་༡༠་ནས་༡༣བར་དུས་བཀག་བཙོན་འཇུག་གི་ཉེས་ཆད་ལྗིད་པོ་བཏང་བར། ཨ་རི་གཙོས་པའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་རྒྱ་ནག་ལ་སྐྱོན་བརྗོད་གནང་བཞག།

རེས་གཟའ་ཟླ་བའི་ཉིན་འབར་ཁམས་རྫོང་ཁྲིམས་ཁང་གིས་དགེ་འདུན་པ་བློ་བཟང་བཙོན་གྲུས་ལགས་སུ་མི་བསད་པའི་ནག་ཉེས་བཙུགས་ཏེ་ལོ་༡༡རིང་དུས་བཀག་བཙོན་འཇུག་གི་ཁྲིམས་བཅད་བྱས་རྗེས། ཁ་ས་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་རྒྱ་ནག་གཞུང་ཕྱོགས་ནས་ གྱོད་གཞི་དེའི་ཐོག་ཐག་གཅོད་བྱེད་སྐབས་རྒྱལ་སྤྱིའི་ཁྲིམས་སམ། ཡང་ན་རྒྱ་ནག་རང་གི་ཁྲིམས་གང་རུང་ལ་བརྩི་བཀུར་བྱས་ཡོད་མེད་ཀྱི་དྲི་བ་བཏོན་གནང་སྟེ། རྒྱ་ནག་གི་འགོ་ཁྲིད་ཚོར་དཀའ་རྙོག་ཡོད་སའི་བོད་ཀྱི་ས་ཁུལ་ཁག་ནང་རྒྱ་ནག་གཞུང་གི་སྲིད་བྱུས་ལ་བསྐྱར་ཞིབ་གནང་དགོས་རྒྱུ་དང༌། བོད་མི་རིགས་ཀྱི་ཐོུང་མ་ཡིན་པའི་སྐད་ཡིག་དང་རིག་གཞུང་། ཆོས་ལུགས་བཅས་སྲུང་སྐྱོབ་བྱ་དགོས་རྒྱུའི་འབོད་སྐུལ་གནང་འདུག།

དེ་བཞིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོརཀ་ནང་རྟེན་གཞི་གནང་བའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཞིག་གི་ཞིབ་འཇུག་པ་ཕེལིམ་ཀའེན་ཡིས་ ཀིརྟི་དགེ་འདུན་པ་གསུམ་ལ་མ་ཉེས་ཁ་གཡོག་བཙུགས་ནས་དུས་ཡུན་རིང་པོའི་བཙོན་འཇུག་གི་ཉེས་ཆད་ལྗིད་པོ་དེ་ཙམ་བཏང་བ་དེ་ནི་ ཕྱོགས་ཅིག་ལ་འཁྱོག་པའི་རྒྱ་ནག་དབུས་གཞུང་གིས་བོད་མིའི་ཐོག་འཛིན་པའི་མཐར་ལྷུང་གི་དམིགས་ཡུལ་འཛིན་བཞིན་ཡོད་པ་ར་འཕྲོད་བྱུང་ཡོག་རེད་ཅེས་འགྲེལ་བརྗོད་དང་འབྲེལ། ཀིརྟི་དགོན་པས་རྒྱ་ནག་དབུས་གཞུང་གི་བཀས་བཀོད་འོག་འགྲོ་གི་མེད་པར་རྒྱ་ནག་འུ་ཐུག་གི་ཡོད་པ་གསལ་བཏོན་བྱས་ཡོག་རེད་ཅེས་རྒྱ་གཞུང་གི་བྱེད་སྟངས་ལ་སྐྱོན་བརྗོད་གནང་བཞག།

ཨོ་སི་ཀྲོ་ལི་ཡ་བོད་དོན་ཚོགས་པའི་ཚེ་རིང་སྐྱིད་འཛོམས་ལགས་ཀྱིས་ དགེ་འདུན་པ་ཕུན་ཚོགས་ལགས་ཀྱིས་རང་ལུས་མེར་བསྲེག་བཏང་ནས་རྒྱ་གཞུང་ལ་ངོ་རྒོལ་གནང་བ་དེས་རྒྱ་ནག་གི་འགོ་ཁྲིད་ཚོ་ཅི་བྱ་གཏོལ་མེད་བཟོས་ཡོད་སྟབས། ལུགས་དང་མི་མཐུན་པའི་དུས་ཡུན་རིང་པོའི་ཉེས་ཆད་དེ་ལྟ་བུ་ཞིག་བཏང་ཡོད་སྐོར་གསུངས་བཞག།

དེ་བཞིན་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་ནི་ཀོ་ལ་སེ་སྦེ་ཀེ་ལིན་གྱིས་ བློ་བཟང་བཙོན་གྲུས་ལགས་སུ་ལོ་༡༡གི་བཙོན་འཇུགས་ཉེས་ཆད་བཏང་བ་དེ་ནི་དྲང་བདེན་གྱི་ཁྲིམས་ཐག་ཞིག་མ་ཡིན་པར་དེའི་རྒྱབ་ལ་ཆབ་སྲིད་ཀྱི་གཡོ་བྱུས་ཡོག་རེད་ཅེས་གསུངས་འདུག།

དགེ་འདུན་པ་བློ་བཟང་བཙོན་གྲུས་ལགས་ཀྱིས་ཕུན་ཚོགས་ལགས་སྐྱོབ་ཐབས་གནང་བ་ལས། ཁོང་གསོད་རྒྱུའི་ལྐོག་བྱུས་བཤམ་མེད་པའི་སྐོར་ རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཀེཏ་སོན་ཌར་སེ་ཡིས་འགྲེལ་བརྗོད་གནང་བཞག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎