རྒྱ་ནག་ནང་གི་གསར་འགོད་གནས་སྟངས་ཇེ་སྡུག་དང་བློ་འཚབ།


2018.05.04
པེ་ཅིང་ནང་གི་རྒྱ་ནག་གི་ཉེན་རྟོག་པ་དང་ཕྱི་རྒྱལ་གསར་འགོད་པ། ༢༠༡༤།༡༡ པེ་ཅིང་ནང་གི་རྒྱ་ནག་གི་ཉེན་རྟོག་པ་དང་ཕྱི་རྒྱལ་གསར་འགོད་པ། ༢༠༡༤།༡༡
AFP

རྒྱ་ནག་གི་གསར་འགྱུར་ལས་ཀ་བྱེད་མཁན་མང་པོས་རྒྱ་ནག་གི་གསར་འགྱུར་རང་དབང་གི་གནས་སྟངས་ཉིན་རེ་བཞིན་ཇེ་སྡུག་ཏུ་སོང་བར་སེམས་འཚབ་བྱེད་བཞིན་ཡོད་འདུག
དེ་ཡང་སྤྱི་ཟླ་ལྔ་པའི་ཚེས་༣ཉིན་མོ་ནི་འཛམ་གླིང་གི་གསར་འགོད་རང་དབང་ཉིན་མོ་ཡིན་པ་དང་། རྒྱ་ནག་གཞུང་གི་སྟངས་འཛིན་བཀག་བསྡོམས་འོག་གསར་འགོད་ལས་ཀ་བྱེད་མཁན་ཚོར་སེམས་འཚབ་བྱུང་བཞིན་ཡོད་པ་ཞིག་ནི་རྒྱ་ནག་གི་གསར་འགོད་རང་དབང་གི་གནས་སྟངས་དེ་༡༩༨༩ལོ་དང་བསྡུར་བ་ཡིན་ན་སྡུག་ཏུ་སོང་ཡོད་པ་དེ་རེད། གསར་འགྱུར་ལས་ཀ་བྱེད་མཁན་མང་པོ་ཞིག་གིས་རྒྱ་ནག་ནང་གསར་འགོད་པས་རང་དབང་ཐོག་ནས་སྤྱི་དམངས་ཀྱི་གནས་ཚུལ་བཀོད་སྤེལ་བྱས་པ་ཡིན་ན། གཞུང་གི་ཉེན་བརྡ་འབྱོར་བ་དང་། བཀག་ཉར་བྱེད་པ། འཇིགས་སྐུལ་བྱས་པ་དང་མཐའ་ན་ཚེ་སྲོག་གི་ཉེན་ཁ་ཡོད་པ་སོགས་ཀྱི་གནས་ཚུལ་བྱུང་བཞིན་ཡོད་པ་དང་། ཡང་དཔེར་ན་མང་ཚོགས་ཀྱི་སྡོད་ཁང་བཙན་བཤེད་ཀྱིས་གཏོར་སློག་བྱས་པ་དང་། ཁོར་ཡུག་འབག་བཙོག་བཟོས་པ།  དེ་བཞིན་དཔོན་རིགས་ཚོའི་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་སོགས་ནི་རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ཐོག་བཤད་མི་ཆོག་པའི་གནས་ཚུལ་ཆགས་ཡོད་སྐོར་སོགས་གསལ་བཏོན་བྱས་ཡོད་པ་ཡོད། དེ་སྔོན་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་ཐེར་འདོན་བྱས་པའི་དབང་གིས་ཟླ་བ་འགའ་ཤས་རིང་བཀག་ཉར་བྱས་པའི་གསར་འགོད་པ་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་ལ་འགྲེལ་བརྗོད་བྱས་པར་གཞིགས་ན།  རྒྱ་ནག་གཞུང་གིས་གསར་འགྱུར་བརྒྱུད་ལམ་དུ་བཀོད་རྒྱུར་བཀག་འགོག་བྱེད་བཞིན་པའི་གནས་ཚུལ་ཁག་ནི། ཆོས་ལུགས་དང་། དམག་དོན། གསང་མྱུལ། ཁང་པ་བཙན་བཤིག་དང་མི་དམངས་འདུ་འཛོམས་ཀྱི་གནད་དོན་སོགས་ཡོད་འདུག
དེར་བརྟེན་རྒྱ་ནག་གི་ཤེས་ཡོན་ཅན་དང་མཁས་པ། གསར་འགོད་པ། དགེ་རྒན་ལ་སོགས་པ་མི་སྣ་མང་པོས་རྒྱ་ནག་གི་གསར་འགྱུར་རང་དབང་གི་གནས་སྟངས་ཐོག་ལ་སྐྱོན་བརྗོད་བྱས་དང་བྱེད་བཞིན་ཡོད་པ་རེད།

གསར་འགོད་པ་སྐལ་བཟང་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎