བོད་ནང་བོད་མི་མང་པོ་མུ་མཐུད་འཛིན་བཟུང་བྱེད་བཞིན་པ།

བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་ནས་ཚོད་དཔག་བྱེད་ན་ད་ལྟའི་ཆར་བོད་ནང་ཉུང་མཐར་བོད་མི་ལྔ་སྟོང་ལྷག་འཛིན་བཟུང་་བྱས་འདུག

2008.05.21

༄༅༎དེ་རིང་སྤྱི་ཚེས་ ༢༡ ཉིན་བཙན་བྱོལ་བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་ནས་གསར་འགོད་གསལ་བསྒྲགས་ཞིག་སྤེལ་གནང་ཡོད་པ་རེད་

གོང་ཞུས་གསར་འགོད་གསལ་བསྒྲགས་དེའི་ནང་ཕྱི་ཟླ་ ༣ པའི་ཚེས་ ༡༠ ནས་འགོ་ཚུགས་པའི་བོད་ནང་གི་གཞི་རྒྱ་ཆེ་བའི་ཞི་འགུལ་གྱི་ལས་འགུལ་དེ་ད་ལྟའང་མཚམས་ཆད་མེད་ལ་རྒྱ་ནག་གཞུང་གིས་བོད་མི་མང་པོ་མུ་མཐུད་འཛིན་བཟུང་བཀག་ཉར་བྱེད་བཞིན་ཡོད་

ཚོད་རྩིས་བྱས་ན་ད་ལྟའི་ཆར་ཉུང་མཐར་བོད་མི་ལྔ་སྟོང་ལྷག་འཛིན་བཟུང་བཀག་ཉར་བྱས་ཡོད་ཅིང་ བཀག་ཉར་བྱས་པའི་ཁོངས་ནས་གློད་བཀྲོལ་བྱུང་བ་ཁ་ཤས་ཀྱིས་གསུང་བ་ལྟར་ན་ རྒྱ་ནག་གཞུང་གིས་བོད་མི་བཙོན་པ་ཚོར་མི་སྤྱོད་ལས་འདས་པའི་གདུག་རྩུབ་མནར་གཅོད་གཏོང་བཞིན་ཡོད་པ་རེད་

བཙོན་ཁང་ནང་འདྲི་གཅོད་བྱེད་པའི་སྐབས་གང་བྱུང་གིས་ཉེས་རྡུང་ཚད་མེད་བཏང་ནས་རང་གི་རྩ་བ་ནས་མ་བྱས་པའང་བྱས་ཚུལ་གྱི་ཁས་ལེན་བྱེད་འཇུག་གི་ཡོད་པ་རེད་

ལྷག་པར་དུ་ད་ཐེངས་ཀྱི་ལས་འགུལ་དེ་སྐུལ་སློང་བྱེད་མཁན་དང་སྒྲིག་འཛུགས་བྱེད་མཁན་སུ་ཡིན་པ་ རང་དང་མཉམ་དུ་རོགས་པ་གཞན་སུ་ཡོད་རྩིས་སྤྲོད་དགོས་ཞེས་ཚ་འདྲི་བྱེད་བཞིན་ཡོད་པ་རེད་ བཙོན་ཁང་འགའ་ཤས་ནང་ཐོག་མར་ཉིན་གསུམ་བཞིའི་མཚམས་སུ་ལྟོ་ཐེངས་རེ་ལས་མི་སྟེར་བ་དང་བཙོན་ཁང་མང་ཆེ་བའི་ནང་ཉིན་རེ་ཀྲིང་མོག་ཕྱེད་ཀ་ལས་མི་སྟེར་བ་ བཙོན་ཁང་འགའ་ཤས་སུ་ཉིན་མང་འཐུང་ཆུ་མ་སྤྲད་སྟབས་རང་གི་གཅིན་པའང་འཐུང་དགོས་བྱུང་བ་ ཞི་རྒོལ་སྐབས་རྨས་ཏེ་བཙོན་དུ་ཚུད་པ་དང་འཛིན་བཟུང་བྱེད་སྐབས་དང་བཙོན་ཁང་ནང་ཉེས་རྡུང་བཏང་སྟེ་རྨས་སྐྱོན་ཕོག་པ་ཚོར་སྨན་བཅོས་ཀྱི་མཐུན་རྐྱེན་གང་ཡང་མེད་པར་བརྟེན་བཙོན་པ་མང་པོ་འདས་གྲོངས་འགྲོ་བཞིན་ཡོད་པ་དང་གྲོངས་མ་ཐག་སྐུ་ཕུང་མེད་པ་བཟོ་བཞིན་ཡོད་པ་རེད་

ཡང་འཛིན་བཟུང་བྱས་པ་སྤྱི་ཚོགས་ནང་ཡོངས་གྲགས་ཡིན་པའི་བཙོན་པར་ཉེས་རྡུང་བཏང་སྟེ་འཆི་ཉིན་ཡོད་པ་ཤེས་འཕྲལ་གློད་བཀྲོལ་བཏང་གི་ཡོད་ཀྱང་དེ་རིགས་ཕལ་མོ་ཆེ་གློད་ནས་ཉིན་ཤས་ནང་འདས་གྲོངས་སུ་གྱུར་གྱི་ཡོད་པ་རེད་

བཙོན་འཇུག་བྱེད་ཡུལ་ཁང་པའི་ནང་ཉལ་ཁྲི་དང་ཉལ་གོས་སོགས་གང་ཡང་མེད་པར་བརྟེན་བཙོན་པ་རྣམས་གནམ་གཤིས་གྲངས་མོའི་ནང་ཨར་གདམ་གྱི་ཞ་ལའི་ཐོག་ཉལ་དགོས་པ་དང་ རྒྱ་རིགས་དམག་མི་དང་བཙོན་སྲུང་ཚོས་འཁོན་འཛིན་ཆེན་པོའི་ངང་ནས་ཉེས་རྡུང་ཚད་མེད་བཏང་གི་ཡོད་པ་དང་ཡང་དམག་མི་འགའ་རེས་བཙོན་པ་རྣམས་རང་གི་དྲག་རྩལ་ཚོད་ལྟ་བྱེད་ཡུལ་ལྟ་བུར་བརྩི་བཞིན་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎