བོད་ཀྱི་པུ་ཧྲང་རྫོང་དུ་ཚོང་དོན་ཁྲོམ་རྭ་གསར་རྒྱག་བྱེད་བཞིན་པ།


2016.04.11
རྒྱ་གར་དང་བལ་ཡུལ་གྱི་ས་འབྲེལ་པུ་ཧྲང་ཕྱོགས་ཀྱི་ས་ཁྲ། རྒྱ་གར་དང་བལ་ཡུལ་གྱི་ས་འབྲེལ་པུ་ཧྲང་ཕྱོགས་ཀྱི་ས་ཁྲ།
Photo: RFA

རྒྱ་ནག་གིས་བལ་ཡུལ་ནང་ཚོང་ལས་གོང་འཕེལ་གཏོང་རྒྱུའི་དམིཊ་ཡུལ་བཟུང་ནས་རྒྱ་གར་དང་བལ་ཡུལ་གྱི་ས་མཚམས་ཉེ་འཁྲིས་བོད་ཀྱི་ས་ཁུལ་པུ་ཧྲང་རྫོང་དུ། མ་གནས་ཨ་སྒོར་ས་ཡ་༣༠འི་ཚོང་དོན་ཁྲོམ་རྭ་གསར་རྒྱག་གི་ལས་གཞི་འགོ་ཚུགས་ཟིན་འདུག།
དེ་ཡང་ཉེ་ཆར་རྒྱ་གར་དང་བོད་གཉིས་ཀྱི་ས་མཚམས་དང་ཉེ་བའི་བོད་ཀྱི་པུ་ཧྲང་རྫོང་དུ་ཨར་ལས་རྩིག་རྨང་བཏིང་བའི་མཛད་སྒོ་དེ་ཚུགས་ཡོད་ཅིང། ཐང་དཀར་རྒྱལ་སྤྱིའི་ས་མཚམས་ཚོང་དོན་ཁྲོམ་རྭ་དེའི་རྒྱ་ཁྱོན་མི་ཊར་གྲུ་བཞི་མ་བདུན་ཁྲི་ཉིས་སྟོང་བཞི་བརྒྱ་གསུམ་(༧༢༤༠༣)ཡོད་པ་དང་། ཁྲོམ་རྭ་དེ་གསར་རྒྱག་ཐོག་མ་གནས་ཨ་སྒོར་ས་ཡ་༣༠གནས་རྒྱུ་ཡིན་ལུཊ་ས་གནས་གཞུང་གིས་བརྗོད་འདུག།
གོང་ཞུས་ཁྲོམ་རྭ་དེའི་ནང་། བཅའ་དངོས་ཚོང་ལས་ཁང་དང་། ཚོང་དོན་ལས་རིཊ་འདྲ་མིན་ བཟའ་ཁང་དང་། སྤྲོ་སྐྱིད་ཁང་། དེ་བཞིན་དོས་ཁང་སོཊ་སྒོ་འབྱེད་བྱ་རྒྱུ་ཡིན་པ་རེད།   
པུ་ཧྲང་ས་གནས་ཀྱི་ཚོང་དོན་འགག་སྒོ་དོ་དམ་ལས་ཁུངས་ཀྱིས་བཏོན་པའི་བསྡོམས་རྩིས་ལྟར་ན། སྔ་ལོ་༢༠༡༥ལོའི་ཕྱི་ཟླ་༡༡་བར་ཁུལ་དེའི་ཚོང་ལས་བྱེད་ཚད་རྒྱ་སྒོར་ས་ཡ་༥༤ལྷག་བྱུང་ཡོད་པ་དང་། པུ་ཧྲང་ས་གནས་ཀྱི་ཚོང་ལས་འགག་སྒོ་ཡོད་སར་ཕྱི་རྒྱལ་གྱི་ཚོང་པ་༥༥༧་གྱིས་ལས་ཁུངས་སྒོ་ཕྱེ་ཡོད་པ་རེད།
ཁ་སྔོན་བལ་ཡུལ་ནང་རྒྱ་གར་ཕྱོཊ་ནས་དངོས་གཟོག་འོར་འདྲེན་བཀག་འགོག་བྱས་པའི་སྐབས་སུ། རྒྱ་ནག་གིས་བོད་ཕྱོཊ་ཀྱི་ས་མཚམས་སྒོ་འབྱེད་བྱས་ནས་བལ་ཡུལ་ལ་རྡོ་སྣུམ་དང་། གཞན་ཡང་ཉེར་མཁོའི་དངོས་ཟོག་མཁོ་འདོན་བྱས་ཡོད་པ་མ་ཟད་།
ཉེ་ཆར་རང་བལ་ཡུལ་གྱི་སྲིད་བློན་ཀེ་པི་ཤར་མ་ཨོ་ལི་(K P Sharma Oli)རྒྱ་ནག་ལ་གཟིཊ་སྐོར་ཕེབས་པའི་སྐབས་བལ་བོད་ཀྱི་ས་མཚམས་བརྒྱུད་ཚོང་ལས་བྱ་རྒྱུའི་མཐུན་གྲོས་ཐོག་མིང་རྟགས་བཀོད་ཡོད་པ་རེད༎

གསར་འགོད་པ་ཀརྨ་རྒྱ་མཚོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎