རྒྱ་ནག་ཏུ་མོ་ཊ་ཕྱིར་ཚོང་གྲངས་འབོར་ས་ཡ་བཅུ་གསུམ་ཟིན་སྐོར།
2010.01.11
༄༅༎རྒྱ་ནག་ནང་མོ་ཊ་ཕྱིར་ཚོང་བྱེད་ཡས་ཕྱི་ལོ་ཉིས་སྟོང་དགུ་ལོར་ས་ཡ་བཅུ་གསུམ་ལྷག་ཙམ་ཟིན་ཡོད་པ་རེད་
དེ་ཡང་རྒྱ་ནག་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ཐོག་གནས་ཚུལ་སྤེལ་བའི་ནང་རྒྱ་ནག་ནང་ད་ལོ་མོ་ཊ་ཕྱིར་ཚོང་བྱེད་ཡས་ཀྱི་གྲངས་འབོར་ཨ་རི་ལས་མང་བ་ཆགས་ནས་འཛམ་གླིང་ནང་ནས་མོ་ཊ་མང་ཤོས་ཚོང་ཐུབ་སའི་ཁྲོམ་ར་ཞིག་ཏུ་གྱུར་ཡོད་པ་རེད་ རྒྱ་ནག་མོ་ཊའི་བཟོ་ལས་ལས་ཁང་གིས་ཕྱིར་བསྒྲགས་བྱས་པའི་གྲངས་འབོར་ལ་གཞིགས་ན་ རྒྱ་ནག་ནང་ཕྱི་ལོ་ཉིས་སྟོང་བརྒྱད་ལོར་མོ་ཊ་ཕྱིར་ཚོང་བྱེད་ཡས་ཀི་གྲངས་འབོར་བརྒྱ་ཆ་ཞེ་བཅུ་ཞེ་ལྔ་ཙམ་མང་དུ་ཕྱིན་ནས་ ལོ་དེར་མོ་ཊ་ས་ཡ་དགུ་ལྷག་ཕྱིར་ཚོང་བྱས་ཡོད་པ་དང་ཕྱི་ལོ་ཉིས་སྟོང་དགུ་ལོར་མོ་ཊ་ས་ཡ་བཅུ་གསུམ་ལྷག་ཙམ་ཕྱིར་ཚོང་ཐུབ་ནས་མོ་ཊ་ཚོང་སའི་ཁྲོམ་ར་ཆེ་ཤོས་ཤིག་ཆགས་ཡོད་པ་རེད་ མོ་ཊ་ཚོང་འགྲེམས་ནང་ནས་རྒྱ་ནག་གི་ཧྲང་ཧད་མོ་ཊའི་ཁེ་གཉེར་ལས་ཁང་གིས་ད་ལོ་མོ་ཊ་ས་ཡ་གཉིས་ལྷག་ཕྱིར་ཚོང་གིས་རྒྱ་ནག་ནང་མོ་ཊ་ཚོང་འགྱུར་བྱེད་མཁན་ཆེ་ཤོས་ཀྱི་གྲོང་ཁྱེར་ཞིག་ཆགས་ཡོད་པ་དང་ རྒྱ་ནག་ནང་མོ་ཊ་ཕྱིར་ཚོང་གི་ཁྲོམ་ར་ཆེ་ཤོས་དེར་གྱུར་བ་དང་དུས་མཚུངས་ རྒྱ་ནག་རང་ཉིད་ཀྱིས་བཟོས་པའི་མོ་ཊ་ཕྱིའི་རྒྱལ་ཁབ་ཀྱི་ཁྲོམ་རའི་ནང་ཚོང་བསྒྱུར་ཡོང་ཐབས་ལ་ཡང་འབད་བརྩོན་བྱེད་བཞིན་པ་དང་དེའི་བར་ན་རྒྱ་ནག་གཞུང་གིས་མོ་ཊ་ཆུང་བའི་ཐོག་ཚོང་ཁྲལ་ཉུང་དུ་བཏང་བ་དང་ཞིང་པ་མོ་ཊ་ཉོ་མཁན་ཚོར་ཡང་རོགས་དངུལ་གཡར་པོ་གཏོང་རྒྱུའི་ཐབས་ལམ་སོགས་འཛིན་ནས་རྒྱ་ནག་གི་མོ་ཊའི་ཚོང་རར་སྐུལ་སྤེལ་གྱི་ཐབས་ལམ་སྣ་ཚོགས་འཛིན་ཡོད་པ་རེད་།