རྒྱ་ནག་དང་རྒྱ་གར་གཉིས་ནི་མཛའ་གྲོགས་རྒྱལ་ཁབ་ཡིན་སྐོར།

རྒྱ་ནག་གཞུང་གིས་རྒྱ་དཀར་ནག་གཉིས་བར་ལ་ཚོང་ལས་ཀྱི་འབྲེལ་ལམ་ནུས་ཤུགས་ཆེ་རུ་གཏོང་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད།

2010.01.19

༄༅༎དེ་རིང་རེས་གཟའ་མིག་དམར་ཉིན་རྒྱ་ནག་གཞུང་གིས་རྒྱ་གར་དང་རྒྱ་ནག་གཉིས་ནི་ཕན་ཚུན་དགྲ་བོ་མིན་པ་མཛའ་གྲོགས་ཀྱི་རྒྱལ་ཁབ་ཅིག་ཡིན་པ་བཤད་དེ། ཡུལ་གྲུ་གཉིས་བར་ལ་ཚོང་འབྲེལ་གྱི་མ་རྩ་འཛུགས་རྒྱུ་སོགས་ཚོང་ལས་ཀྱི་འབྲེལ་ལམ་ནུས་ཤུགས་ཆེ་རུ་གཏོང་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད།

རྒྱ་ནག་གི་ཚོང་ལས་བློན་ཆེན་ཁྲེན་ཏེ་མིང་གིས་རྒྱ་གར་གྱི་ཚོང་དོན་བློན་ཆེན་ཨ་ནན་ཤར་མ་མཆོག་དང་མཇལ་འཛོམས་གྲོས་མོལ་གྲུབ་པའི་རྗེས། གསར་འགོད་ལྷན་ཚོགས་ཤིག་གི་ཐོག་ལ། ང་ཚོ་རྒྱལ་ཁབ་གཉིས་ཀྱི་གཞི་ཁྱོན་ཆེ་ལོས་ལ་ལྟོས་པའི་རྒྱལ་ཁབ་གཉིས་ཀྱི་ཚོང་ལས་ཀྱི་འབྲེལ་ལམ་དེ་ཙམ་གྱི་གཞི་རྒྱ་ཆེན་པོ་མེད་པ་དང། དེར་བརྟེན་རྒྱལ་ཁབ་གཉིས་ཕན་ཚུན་བར་ལ་དཔལ་འབྱོར་གྱི་མ་རྩ་འཛུགས་རྒྱུའི་ལས་གཞི་གཞི་རྒྱ་ཆེ་རུ་གཏོང་རྒྱུ་ནི་ཧ་ཅང་གལ་འགངས་ཆེན་པོ་ཡིན་པ་བཤད་ཡོད་པ་རེད། རྒྱ་གར་དང་རྒྱ་ནག་བར་ལ་ཕྱི་ལོ་༢༠༠༩ལོར་ཨ་རིའི་ཌོ་ལར་ཐེར་འབུམ་༤༣དང་གྲངས་ཆུང་༣གྱི་ཚོང་འབྲེལ་བྱུང་ཡོད་པ་དེ་ནི། ཕྱི་ལོ་༢༠༠༨ལོར་ཚོང་འབྲེལ་ཨ་རིའི་ཌོ་ལར་ཐེར་འབུམ་༥༢ཙམ་བྱུང་ཡོད་པ་དང་བསྡུར་ན། ༢༠༠༩ལོར་ཨ་རིའི་ཌོ་ལར་ཐེར་འབུམ་༡༠ཙམ་ཚོང་འབྲེལ་མར་ཆགས་ཏེ་ཚོང་ལས་གཞི་ཡུལ་ཆེན་པོ་བྱུང་མེད་པ་རེད། དེར་བརྟེན་རྒྱ་ནག་གི་ཚོང་དོན་བློན་ཆེན་ཁྲེན་གྱིས་རྒྱ་གར་དང་རྒྱ་ནག་གི་ཚོང་དོན་ལྷན་ཚོགས་ཤིག་ཐོག་ལ། རྒྱ་ནག་དང་རྒྱ་གར་ཡུལ་གྲུ་གཉིས་པོ་ནི་ཚོང་ལས་ཀྱི་འབྲེལ་ལམ་ཡོད་པ་ཞིག་དང། མཛའ་གྲོགས་ཀྱི་ཁྱིམ་མཚེས་ཤིག་ཡིན་པ་ལས། ང་ཚོ་ཕན་ཚུན་དགྲ་དང་ཁ་གཏད་གང་ཡང་མེད་ཅེས་དང། ང་ཚོ་ཨེ་ཤི་ཡའི་ཁྱིམ་མཚེས་རྒྱལ་ཁབ་གཉིས་བར་དུ་གནས་པའི་གནས་ཚུལ་གོ་ནོར་ཐེབས་བཞིན་པ་དང། ཕྱོགས་རེས་ཀྱི་བསམ་བློ་དོར་ཏེ། རྒྱལ་ཁབ་གཉིས་བར་ལ་ཚོང་ལས་གཅིག་གྱུར་ཡོང་ཐབས་ཀྱི་ཁ་ཕྱོགས་སུ་མདུན་བསྐྱོད་བྱ་རྒྱུའི་ལས་དོན་ཐོག་ནུས་པ་འདོན་སྤེལ་བྱ་དགོས་པའི་སྐོར་བཤད་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎