༄༅༎རྒྱ་ནག་གི་འགོ་ཁྲིད་ཞིའི་ཅིང་བིང་གིས་ཕྱི་ཚེས་༢༨ཉིན་རྒྱ་ནག་ནང་འཚམས་གཟིགས་སུ་ཕེབས་པའི་འབར་མའི་དམག་དཔོན་མིན་ཨོང་ལེང་དང་ཐུག་འཕྲད་གནང་ཏེ་ ཡུལ་གྲུ་གཉིས་དབར་མུ་མཐུད་ནས་མཛའ་གྲོགས་ཀྱི་འབྲེལ་ལམ་འཕེལ་རྒྱས་གཏོང་རྒྱུ་ཡིན་ལུགས་བརྗོད་ཡོད་པ་རེད་ ད་རེས་རྒྱ་ནག་གི་དཔོན་རིགས་ཞིའི་ཅིང་བིང་གིས་འབར་མའི་དམག་དཔོན་དང་ཐུག་ཕྲད་གནང་ཡས་དེ་ཡང་ རིང་མིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་ལྕམ་ཁ་ལིན་ཀྲོན་མཆོག་འབར་མའི་ནང་རྒྱལ་དོན་འཚམས་གཟིགས་སུ་ཕེབས་འཆར་ཡོད་པ་དང་བསྟུན་ནས་འབར་མའི་དམག་དོན་དཔོན་རིགས་དང་ཐུག་ཕྲད་གནང་བ་ཞིག་ཡིན་པར་གནད་དོན་དབྱེ་ཞིབ་པ་ཚོས་ངོས་འཛིན་གནང་གི་ཡོད་པ་རེད་ ཨ་རིའི་ཕྱི་སྲདི་ལས་ཁང་གིས་དེའི་གོང་ཙམ་དུ་གནས་ཚུལ་ཕྱིར་བསྒྲགས་གནང་བར་ ཕྱི་སྲིད་དྲུང་ཆེ་ལྕམ་ཧི་ལ་རི་ཀི་ལིན་ཀྲེན་མཆོག་གཟའ་འཁོར་འདིའི་གཟའ་ལྷག་པ་ནས་པ་སངས་བར་འབར་མའི་ནང་རྒྱལ་དོན་འཚམས་གཟིགས་གནང་གཏན་འཁེལ་བ་ཕྱིར་བསྒྲགས་གནང་ཡོད་པ་དང་ དེ་ཡང་འདས་པའི་ལོ་ངོ་ལྔ་ཅུ་ཙམ་རིང་ཨ་རིའི་ཕྱི་སྲིད་དྲུང་ཆེ་འབར་མའི་ནང་འཚམས་གཟིགས་སུ་ཕེབས་པ་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད་