རྒྱ་ནག་ནང་ཕྲུ་གུ་སྐྱོན་ཅན་སྐྱེས་པའི་གྲངས་འབོར་མང་དུ་འགྲོ་བ།

རྒྱ་ནག་གི་འཁོར་ཡུག་གི་མཁའ་རླུང་གཙང་མ་མེད་པའི་གནས་སྟངས་ཀྱི་རྐྱེན་པས་ཕྲུ་གུ་སྐྱོན་ཅན་སྐྱེས་པའི་གྲངས་འབོར་མང་དུ་འགྲོ་གི་ཡོད་པ།

2009.02.01

༄༅༎རྒྱ་ནག་གི་འཆར་ལྡན་བུ་བཙའི་སྲིད་ཇུས་ལྷན་ཁང་གི་མཐོ་རིམ་དཔོན་རིགས་ཤིག་གིས་རྒྱ་ནག་ནང་ཕྲུ་གུ་སྐྱོན་ཅན་མང་པོ་སྐྱེས་ཀྱི་ཡོད་པ་དང་དེ་ཡང་སྐར་ཆ་སུམ་ཅུ་རེ་རེའི་ཐོག་ལ་ཕྲུ་གུ་སྐྱོན་ཅན་སྐྱེས་ཀྱི་ཡོད་པའི་ཉེན་བརྡ་བཏང་ཡོད་པའི་སྐོར་དེ་རིང་རྒྱ་ནག་ཉིན་རེའི་གསར་ཤོག་ཐོག་ལུང་འདྲེན་བྱས་ཡོད་པ་རེད།

དེ་ཡང་རྒྱ་ནག་རྒྱལ་ཡོངས་མི་འབོར་དང་འཆར་ལྡན་བུ་བཙའི་སྲིད་ཇུས་ལྷན་ཁང་གི་དཔོན་རིགས་ཅང་ཕན་ཟེར་བས་རྒྱ་ནག་གི་འཁོར་ཡུག་གི་མཁའ་རླུང་གཙང་མ་མེད་པའི་གནས་སྟངས་ཀྱི་རྐྱེན་པས་རྒྱ་ནག་ནང་ཕྲུ་གུ་སྐྱོན་ཅན་སྐྱེས་པའི་གྲངས་འབོར་མང་དུ་འགྲོ་གི་ཡོད་པ་དང་དེ་ནི་རྒྱ་ནག་གི་གྲོང་ཁྱེར་དང་གྲོང་གསེབ་ས་ཁུལ་གཉིས་ཀའི་ནང་ཧ་ཅང་གིས་མང་དུ་འགྲོ་བ་ཡིན་ཞིང་དེའི་ནང་ནས་རྡོ་སོལ་གྱི་གཏེར་ཁ་སྔོག་འདོན་གཙོ་བོ་བྱེད་ཡུལ་རྒྱ་ནག་གི་ཧྲན་ཞི་ཞིང་ཆེན་ནང་ཕྲུ་གུ་སྐྱོན་ཅན་སྐྱེས་པའི་གནས་སྟངས་སྡུག་ཤོས་ཡིན་པ་བཤད་ཡོད་པ་རེད། གོང་གསལ་རྒྱ་ནག་གི་འཆར་ལྡན་བུ་བཙའི་སྲིད་ཇུས་ལྷན་ཁང་གིས་ཕྱི་ལོ་༢༠༠༧ལོར་ཕྲུ་གུ་སྐྱོན་ཅན་གྱི་གྲངས་འབོར་འཕེལ་རྒྱས་འགྲོ་བའི་སྐོར་གྱི་སྙན་ཐོ་ཞིག་བཏོན་པའི་ནང་རྒྱ་ནག་གི་ཧྲན་ཞི་ཞིང་ཆེན་དེའི་ནང་ཕྱི་ལོ་༢༠༠༡ནས་༢༠༠༦བར་དུ་ཕྲུ་གུ་སྐྱོན་ཅན་བརྒྱ་ཆ་བཞི་ཅུ་འཕེལ་རྒྱས་ཕྱིན་ཡོད་པ་དང་དེ་ནི་ཕྱི་ལོ་༢༠༠༡ནས་༢༠༠༦བར་དུ་ཕྲུ་གུ་ཁྲི་གཅིག་སྐྱེས་པའི་ནང་ནས་ཕྲུ་གུ་སྐྱོན་ཅན་བརྒྱ་དང་བཞི་ནས་རིམ་པ་བཞིན་བརྒྱ་དང་བཞི་ཅུ་ཞེ་ལྔ་བར་མང་དུ་ཕྱིན་ཡོད་པའི་སྐོར་བཤད་ཡོད་པ་མ་ཟད་ཧྲན་ཞི་ཞིང་ཆེན་གྱི་འཆར་ལྡན་བུ་བཙའི་ལས་ཁང་གི་འགན་འཛིན་རུས་མིང་ཨན་ཧོན་ཨའོ་ཟེར་བས་ཁོང་གི་ཧྲན་ཞི་ཞིང་ཆེན་དེ་ནི་རྡོ་སོལ་གྱི་གཏེར་ཁ་སྔོག་འདོན་བྱེད་ཡུལ་གྱི་ལས་གྲྭ་ཆེ་ཤོས་ཁག་བརྒྱད་ཡོད་པ་དང་བཟོ་གྲྭ་མང་ཤོས་རྟེན་གཞི་བྱེད་ཡུལ་ཡིན་པ་བརྟེན་ནས་རྡོ་སོལ་དང་བཟོ་གྲྭའི་དུག་རླངས་ཀྱི་རྐྱེན་པས་ཁོར་ཡུག་གི་མཁའ་རླུང་བཙོག་པ་བཟོས་ཏེ་ཕྲུ་གུ་སྐྱོན་ཅན་སྐྱེས་པའི་དཀའ་ངལ་དེ་ཡིན་པ་བཤད་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎