རྒྱ་ནག་ནང་ཁྲིམས་འགལ་་བྱེད་མཁན་༡༧༠༠༠འཛིན་བཟུང༌།
2011.10.08
༄༅༎རྒྱ་ནག་གཞུང་གི་འབྲེལ་ཡོད་ཚན་པས་ཁྲིམས་འགལ་གྱི་ཐོག་ནས་ཚོང་འགྲེམས་བྱེད་མཁན་མི་གྲངས་ཆིག་ཁྲ་ལྷག་ཙམ་འཛིན་བཟུང་དོ་དམ་བྱེད་ཡོད་པའི་གནས་ཚུལ་ཐོན་འདུག
དེ་ཡང་ལོ་འདིའི་ཕྱི་ཟླ་བརྒྱད་པའི་ཚེས་ཉི་ཤུ་གཉིས་ནས་བཟུང་འབྲེལ་ཡོད་ཚན་པ་ཁག་ནས། རྒྱ་ནག་རྒྱལ་ཡོངས་སུ་ཞིབ་མཇུག་བྱེད་པ་བརྒྱུད་ཟས་སྣའི་རིགས་རྫུན་བཟོས་དང་། བསྲེས་ལྷད་བྱེད་མཁན་གྱི་བཟོ་གྲྭ་དང་། ཁྲིམས་འགལ་གྱི་གན་རྩེད་ཁང་། དེ་བཞིན་ཐ་མག་ཉལ་ཐག་རིགས་ཚོང་འགྲེམས་བྱེད་མཁན་གྱི་ཉེས་ཅན་མི་གྲངས་ཆིག་ཁྲི་བདུན་སྟོང་ལྷག་ཙམ་འཛིན་བཟུང་དང་། བཟོ་གྲྭ་དང་། ལས་དོན་འདི་རིགས་སྤེལ་མཁན་སྟོང་ཕྲག་འགའ་ཤས་ཐོག་ཞིབ་མཇུག་བྱས་ཡོད་འདུག
དེ་དང་ཕྱོགས་ཧྲང་ཧའེ་ནང་གི་ཁྲིམས་ཁང་ཞིག་ནས་ཟླ་བ་འདིའི་ནང་། བཟའ་བཅའི་བཟོ་གྲྭའི་བདག་པོ་གསུམ་ལ་ཟས་རིགས་ནང་རྫས་སྦྱོར་འདྲ་མིན་བསྲེད་ལྷད་བྱས་པའི་ནག་ཉེས་འོག་ལོ་ལྔ་ནས་དགུའི་བར་བཙོན་བཅུག་ཁྲིམས་ཆད་བཀལ་ཡོད་པ་རེད། དེ་སྔ་ཕྱི་ལོ་ ༢༠༠༨ ལོར་རྒྱ་ནག་ནང་། ཕྲུ་གུའི་འོ་མའི་ནང་། བསྲེས་ལྷད་འདྲ་མིན་བྱེད་པའི་རྒྱལ་སྤྱིའི་ནང་རྒྱ་ནག་གི་མིང་ངན་པ་ཆགས་ཡོད་པ་བཅས་ལ་བརྟེན་གཞུང་གི་འབྲེལ་ཡོད་ཚན་པ་ཚོས་བཟོ་གྲྭ་དེ་དག་ཐོག་ཞིབ་མཇུག་མཐིལ་ཕྱིན་པ་དང་། ནག་ཉེས་ཐོན་པ་རྣམས་ལ་ཉེས་ཆད་བརྗིད་པོ་བཀལ་རྒྱུ་ཡིན་ལུགས་གསུངས་ཡོད་པ་རེད།
ཡང་གནས་ཚུལ་ནང་མུ་མཐུད་བཀོད་པར་ལྟར་ན། མང་ཚོགས་འཁྲོད་ནས་ཀྱང་གནས་ཚུལ་འདི་རིགས་ཐོག་དྭོགས་ཟོན་དང་། འདི་རིགས་ཀྱི་གནས་ཚུལ་བྱུང་བ་ཡིན་ན་འབྲེལ་ཡོད་ཚན་པ་ཁག་ལ་བརྡ་ལན་སྤྲོད་རྒྱུའི་གོ་རྟོགས་གསལ་པོ་བྱུང་ནས་འགན་འཁྱེར་བཞིན་ཡོད་འདུག།